འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྤོ་མེས་སུ་འདམ་རྫབ་ཏུ་ལྷུང་བའི་རྟ་བསྐྱབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་སྤོ་མེས་སུ་འདམ་རྫབ་ཏུ་ལྷུང་བའི་རྟ་བསྐྱབས་པ།
         མི་དམངས་དྲ་བའི་འཕྲིན། བོད་མི་རིགས་ལ་མཚོན་ན་རྟ་མཆོག་ལ་དངུལ་སྒོར་ཁྲི་4ནས་ཁྲི་10བར་རི་བས། ཁྱིམ་གྱི་ནོར་བུ་རྩ་ཆེ་གྲས་སུ་རྩི་བཞིན་ཡོད། ཟླ་3ཚེས་31ཉིན་ཡུལ་སྐོར་བ་ཞིག་གིས་རྟ་དཀར་པོ་ཞིག་གི་ལུས་ཕྱེད་ཀ་འདམ་རྫབ་ཏུ་ནུབ་ནས་ཉམས་ཞན་དུ་གྱུར་པ་མཐོང་བ་དང་། ཉེ་འགྲམ་གྱི་གྲོང་ཚོའི་གྲོང་མི་དང་། གནས་དེ་བརྒྱུད་པའི་ཡུལ་སྐོར་བ། ལམ་དུ་བཅར་འདྲི་བྱེད་བཞིན་པའི་གསར་འགོད་པ་བཅས་ཀྱིས་གནས་ཚུལ་དེ་མཐོང་མ་ཐག་མྱུར་དུ་འདམ་རྫབ་ཏུ་ལྷུང་བའི་རྟ་དེ་སྐྱོབ་པ་རེད། ཁོང་ཚོས་མཚེའུ་འགྲམ་གྱི་དར་ཤིང་དང་ཤིང་སྡོང་བཅད་ནས་འདམ་རྫབ་སྟེང་དུ་ཟམ་པ་ལྟ་བུ་བཟོས་ཏེ་རྟ་དཀར་པོའི་འཁྲིས་སུ་ཕྱིན་ནས་ཐག་པས་རྟ་སྡོམ་པ་དང་། རླངས་འཁོར་འདམ་རྫབ་འགྲམ་དུ་བཅར་མི་ཐུབ་པས། ཁོང་ཚོས་འདམ་ལ་ཟུག་པའི་ཉེན་ཁར་མ་འཛེམས་པར་སྟོབས་ཤུགས་གཅིག་སྒྲིམ་གྱིས་རྟ་དཀར་པོ་འདམ་རྫབ་ནས་ཕྱིར་འཐེན་པ་རེད། དེ་རྗེས་སུ་མི་དེ་ཚོས་ད་དུང་བུད་ཤིང་བསྒྲུགས་ཏེ་མེ་སྦར་ནས་རྟ་ལ་དྲོད་སྦྱིན་པ་དང་ལྟོ་ཆུ་སྟེར་བ་སོགས་བྱས་ཤིང་། རྟ་དེའི་བདག་པོ་བློ་ཤེས་ཀྱིས་གཏམ་དེ་ཐོས་མ་ཐག་མྱུར་དུ་འོང་ནས་རྟ་ལ་བྱིལ་བྱིལ་བྱེད་ཞོར་དུ་ཚང་མར་བཀའ་དྲིན་ཆེ་ཞུས་པ་རེད། དཔྱིད་ཀའི་དཀར་སྣང་མཚེའུ་འགྲམ་དུ་སྤྲོ་སེམས་ཀྱིས་ཁེངས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།བོད་ལྗོངས་སྤོ་མེས་སུ་འདམ་རྫབ་ཏུ་ལྷུང་བའི་རྟ་བསྐྱབས་པ།
      

    ཕྱོགས་བསྡུས་གསར་འགྱུར།