འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐྱོར་ལས་དོན་རུ་ཁག་གིས་གྲོང་མི་ཕྱུག་འགྱུར་བྱེད་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་སྐྱོར་ལས་དོན་རུ་ཁག་གིས་གྲོང་མི་ཕྱུག་འགྱུར་བྱེད་རོགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ལོ་47ལ་སོན་པའི་ཚེ་རིང་ཉི་མ་ནི་བོད་རང་སྐྱོང་ལྗོངས་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་ཁུག་ཐང་གྲོང་ཚོའི་གྲོང་མི་ཡིན་པ་དང་ཁོང་དང་བཟའ་ཟླས་ནས་དང་། གྲོ། ཨ་གཤོམ་སོགས་བཏབ་པ་དང་ཆབས་ཅིག་ལོ་ལྟར་སྒོ་རའི་ནང་བྱ་དེ་100ལྷག་ཙམ་གསོ་གི་ཡོད། 2015ལོར་རྫ་ཡུལ་རྫོང་དུ་བཅའ་སྡོད་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་བཏང་ནས་བྱ་ཚང་ཆེ་གྲས་ཤིག་རྒྱག་རོགས་བྱས་པ་མ་ཟད། ཁོང་ཚོར་བྱ་ཕྲུག་དང་གཟན་ཆག་སོགས་མཁོ་འདོན་བྱས་པ་དང་ད་དུང་ཚན་རིག་དང་མཐུན་པའི་གསོ་ཚགས་ཤེས་བྱའི་གསོ་སྦྱོང་ཡང་བྱས་པ་རེད། ཚེ་རིང་ཉི་མས་ངོ་སྤྲོད་བྱས་པར་གཞིགས་ན། སྒྲིག་ཆས་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་བྱ་གསོའི་གཞི་ཁྱོན་རྒྱ་ཆེར་སོང་ཡོད། འདི་ལོ་བྱ་དེ་ཁྱོན་1700ཙམ་གསོ་ཚགས་བྱས་པའི་ཁར་བྱ་ཕྲུག་ཕྱིར་ཚོང་བྱ་རྩིས་ཡོད་པས་ཡོང་འབབ་2015ལོ་ལས་སྒོར་ཁྲི་3ཙམ་མང་དུ་འགྲོ་བཟོ་ཡོད་ཅིང་། འདི་ནི་ཚེ་རིང་ཉི་མས་བྱ་དེར་ལྟོ་སྟེར་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།