༄༅།།རྣམ་གླིང་རྫོང་གི"ལྗང་མདོག་དངུལ་ཁང་།"
གསར་འགྱུར་སྤེལ་དུས། 【2016ལོའི་ཟླ་ 04ཚེས་05ཉིན། 08:51】 (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)
རྣམ་གླིང་རྫོང་གི་ཞིང་པས་སྡོང་ཕྲུག་ལ་ཡལ་བཅོས་རྒྱག་པ།
མི་དམངས་དྲ་བའི་འཕྲིན། 2014ལོ་ནས་བཟུང་ཧྲན་ཏུང་ཝུའེ་ཧྥང་གིས་བོད་ལྗོངས་གཞིས་རྩེ་རྣམ་གླིང་རྫོང་ཨེ་མ་ཤང་ཆག་རྭ་གྲོང་ཚོར་རིམ་རྩིས་བྱས་ན་བོད་སྐྱོར་མ་དངུལ་སྒོར་ཁྲི་900བཏང་ནས་དེ་སྔའི་རྣམ་གླིང་རྫོང་གི་སྡོང་ཕྲུག་རྟེན་གཞི་མུའུ་340དེ་མུའུ་900ལྷག་ཙམ་བར་རྒྱ་སྐྱེད་བཏང་བ་དང་། 2016ལོའི་ཟླ་1ནས་ཟླ་3བར་སྡོང་ཕྲུག་བཙོངས་པར་ཡོང་འབབ་སྒོར་ཁྲི་200ཙམ་བྱུང་ཡོད། རྟེན་གཞི་དེ་བསྐྲུན་པ་དེས་སྣོད་བཅུད་ལེགས་སུ་ཕྱིན་པ་མ་ཟད། རྣམ་གླིང་སྔོ་ལྗང་ཅན་དུ་གྱུར་ཡོད།
 |
ཞིང་པ་ཉི་མ་མཚམས་གཅོད་ཀྱིས་ཡུལ་མི་དང་མཉམ་དུ་སྡོང་ཕྲུག་གི་སྐྱེ་ཚུལ་ལ་བརྟག་དཔྱད་བྱེད་པ། |