འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་དང་ཧྲང་ཧའེ་དབར་སྣོད་བཅུད་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་གྱི་སྤེལ་རེས་
    མཉམ་ལས་ཀྱི་གྲོས་མཐུན་བཞག་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་མཚོ་སྔོན་ཡུལ་ཤུལ་ཀྲོའུ་ཡིས་ཧྲང་ཧའེ་གྲོང་ཨུད་དང་ཕུའུ་ཏན་སློབ་ཆེན་དང་བཞུགས་མོལ་བྱས་པ་དང་འབྲེལ། ཐུན་མོང་གི་ངོས་འཛིན་ཡང་བྱུང་ནས། ཧྲང་ཧའེ་གྲོང་ཁྱེར་དང་ཕུའུ་ཏན་སློབ་ཆེན་གྱིས་ཡུལ་ཤུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་འབྲེལ་ཡོད་གྲོས་མཐུན་གྱི་སྒྲོམ་གཞི་ཞིག་ཆགས་ཡོད་པ་རེད།
         ཧྲང་ཧའེ་གྲོང་ཁྱེར་དང་ཡུལ་ཤུལ་ཀྲོའུ་ཕྱོགས་གཉིས་ཀྱིས་ཁ་ཆད་གྲོས་མོལ་བྱས་པ་སྟེ། རིག་གནས་སྤེལ་རེས་དང་སྣོད་བཅུད་འཛུགས་སྐྱོང་བྱ་རྒྱུ་འགོ་འཛུགས་ས་དང་དམ་འཛིན་བྱ་གཞིར་བྱས་ཏེ“འབྲི་ཆུའི་སྣོད་བཅུད་རིག་གནས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་རྒྱུ་དང་། “སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཞིབ་འཇུག་གི་རྒྱལ་སྤྱིའི་གླེང་སྟེགས”དང“འབྲི་ཆུའི་བརྒྱུད་ལམ་སྣེ་མང་གི་རིག་རྩལ་གླུ་གར་མཚན་ཚོགས་ཆེ་གྲས”སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ས་ཁོངས་གཉིས་ཀྱི་རིག་གནས་ཁྱད་ཆོས་འདོན་སྤེལ་བྱས་ནས་སྣོད་བཅུད་ཀུན་སྤྱོད་སྐྱེད་སྲིང་བྱ་རྒྱུ་དང་སྣོད་བཅུད་རིག་གནས་སྤུས་རྟགས་གཏོད་རྒྱུ། ཧྲང་ཧའེ་ཡིས་སྤེལ་བའི་བྱེད་སྒོ་གལ་ཆེན་ཁག་ནང་ཡུལ་ཤུལ་གྱི་གླུ་གར་འཁྲབ་སྟོན་བྱེད་པར་གདན་ཞུ་བྱས་ནས་འབྲི་ཆུའི་སྨད་རྒྱུད་དུ་ཁམས་པའི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ། ཡུལ་སྐོར་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གཉིས་དབར་གྱི་ཡུལ་སྐོར་བྱེད་སྒོ་སྤེལ་རྒྱུ། ཧྲང་ཧའེ་ཡིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཡུལ་ཤུལ་རིག་གནས་ཡུལ་སྐོར་དེ་ཉིད་ཧྲང་ཧའེ་རུ་ཁྱབ་སྤེལ་གཏོང་ཕྱིར་ཆ་རྐྱེན་གཏོད་རྒྱུ། རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱེད་གཞིར་བྱས་ནས་དོན་དངོས་རང་བཞིན་གྱི་མཉམ་ལས་སྤེལ་རེས་ལས་དོན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུ། ཧྲང་ཧའེ་ཕྱོགས་ཀྱིས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ནས་ཡུལ་ཤུལ་དུ་ལྟ་ཞིབ་དང་བརྟག་ཞིབ་བྱེད་པར་ཡོང་སྟེ། ཡུལ་ཤུལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེད་ཐབས་དང་ཇུས་འདོན་རྒྱུ་བཅས་རེད།
         གཤམ་གསལ་ཕྱོགས་འགའི་ཐད་ཕྱོགས་གཉིས་པོར་ཐུན་མོང་གི་ངོས་འཛིན་བྱུང་བ་སྟེ། གཅིག་ནས་ཡུལ་ཤུལ་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྩྭ་འཚར་སྐྱེས་བྱ་ཚུལ་ཞིབ་འཇུག་དང་གསར་སྤེལ་བེད་སྤྱོད་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལེགས་ཆའི་ཐོན་ཁུངས་བརྗེ་སྒྱུར་བྱེད་མགྱོགས་སུ་གཏོང་རྒྱུ་དང་། གཉིས་ནས་ཡུལ་ཤུལ་དུ་སྣོད་བཅུད་སྲུང་སྐྱོང་ལྟ་དཔྱད་ཚད་འཇལ་ས་ཚིགས་བཙུགས་ནས་སྣོད་བཅུད་སྲུང་སྐྱོང་གི་ཚན་རིག་ལྟ་ཞིབ་ཞིབ་འཇུག་ལས་དོན་སྤེལ་རྒྱུ། གསུམ་ནས་ཡུལ་ཤུལ་གྱིས་ལས་བྱེད་པ་ཕུའུ་ཏན་སློབ་ཆེན་དུ་གསོ་སྦྱོང་དང་ལེན་བྱེད་པར་བཏང་ནས་སྣོད་བཅུད་སྲུང་སྐྱོང་རྣམ་པའི་ཤེས་ལྡན་ལས་བྱེད་པ་གཙོ་གནད་ཐོག་གསོ་སྐྱོང་བྱ་རྒྱུ། བཞི་ནས་གདམ་གསེས་ཞིབ་ཚགས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་སྐྱེད་སྲིང་སོགས་ལས་དོན་སྤེལ་ནས་མཉམ་ལས་ལ་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་པ་བྱ་རྒྱུ། ལྔ་ནས་ཕུའུ་ཏན་སློབ་ཆེན་གྱིས་རིགས་གཅིག་མཁས་པ་སྒྲིག་འཛུགས་བྱས་ཏེ་ཡུལ་ཤུལ་དུ་ལྟ་ཞིབ་བྱེད་པར་ཡོང་ནས་མཉམ་ལས་རྣམ་གྲངས་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱས་ཏེ་གྲོས་མཐུན་འཇོག་རྒྱུ། དྲུག་ནས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་ཚན་ཁག་བཙུགས་ནས་ལས་དོན་སྤེལ་རྒྱུ། བདུན་ནས་མཉམ་ལས་བྱེད་ཀྱིན་འཐུས་སྒོ་ཚང་དུ་བཏང་ནས་རྣམ་གྲངས་མཛོད་རྒྱུན་ཆད་མེད་པར་གསོག་འཇོག་དང་གསར་འབྱེད་བྱས་ཏེ་ཡུན་རིང་མཉམ་ལས་ཀྱི་ལམ་སྲོལ་ལེགས་པོ་ཞིག་ཆགས་པ་བྱ་རྒྱུ། བརྒྱད་ནས་ས་ཁུལ་གཉིས་དབར་མཉམ་ལས་དམ་ཟབ་བྱས་ཏེ་འདི་ལོའི་ཟླ་བརྒྱད་པར“རྫ་ཆུ—མའེ་ཀུང་གཙང་པོའི”ཆུ་རྒྱུད་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་གཞོན་ནུའི་གསར་གཏོད་འགྲན་བསྡུར་ཆེ་མོའི་2016ལོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཡུལ་ཤུལ་དུ་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།