འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་དཀར་སྤྲིན་གྱིས་གཡོགས་ཤིང་ཡུལ་ལྗོངས་རབ་ཏུ་མཛེས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་01ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།གངས་དཀར་སྤྲིན་གྱིས་གཡོགས་ཤིང་ཡུལ་ལྗོངས་རབ་ཏུ་མཛེས་པ།
         མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་ཡོད་པའི་གནས་ཆེན་ཁ་བ་དཀར་པོས་ས་གནས་སོ་སོའི་ཡུལ་སྐོར་བ་རྒྱུན་ཆད་མེད་པར་འགུགས་བཞིན་ཡོད་པ་རེད། བདེ་ཆེན་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་ཡོད་ལ། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཞིང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་པ་མ་ཟད། གཙང་པོ་གསུམ་མཉམ་དུ་བཞུར་སའི་འཛམ་གླིང་རང་བྱུང་ཤུལ་བཞག་གི་དཀྱིལ་དབུས་སུ་ཡང་ཡོད། བདེ་ཆེན་གྱི་ཐོན་ཁོངས་ཕུན་སུམ་ཚོགས་ལ། མི་རིགས་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད། དམངས་སྲོལ་གོམས་འདྲིས་ཀྱང་རྣམ་པར་བཀྲ་བ་རེད། 2015ལོར་བདེ་ཆེན་ཁུལ་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་1785སྣེ་ལེན་བྱས་ཤིང་། ལོ་གོང་མའི་དུས་མཚུངས་དང་བསྡུར་ན་22%འཕར་བ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།གངས་དཀར་སྤྲིན་གྱིས་གཡོགས་ཤིང་ཡུལ་ལྗོངས་རབ་ཏུ་མཛེས་པ།
      

    ཕྱོགས་བསྡུས་གསར་འགྱུར།