འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་ཆེན་ཁུལ་གྱི་བོད་རིགས་མཚེ་མ་བྱིས་པ་སྤུན་གསུམ་གྱི་འཚོ་བ་དང་ཕུགས་འདུན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་31ཉིན། 16:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    མཚེ་མའི་སྤུན་ཟླ་གསུམ་སྟེ་རིན་ཆེན་ནོར་བུ་(མདུན་གཡོན་གྱི་གཉིས་པ)དང་བཀྲ་ཤིས་ནོར་བུ(མདུན་གཡོན་གྱི་གསུམ་པ)། བསོད་ནམས་ནོར་བུ་(མདུན་གཡོན་གྱི་བཞི་བ)གསུམ་སློབ་གྲྭའི་སློབ་གསེང་བྱེད་སྒོར་ཞུགས་པ།
    མཚེ་མའི་སྤུན་ཟླ་གསུམ་སྟེ་རིན་ཆེན་ནོར་བུ་(མདུན་གཡོན་གྱི་གཉིས་པ)དང་བཀྲ་ཤིས་ནོར་བུ(མདུན་གཡོན་གྱི་གསུམ་པ)། བསོད་ནམས་ནོར་བུ་(མདུན་གཡོན་གྱི་བཞི་བ)གསུམ་སློབ་གྲྭའི་སློབ་གསེང་བྱེད་སྒོར་ཞུགས་པ།
         མི་དམངས་དྲ་བའི་འཕྲིན། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཡུན་ལིང་ཤང་དངུལ་ཕུ་གྲོང་ཚོའི་ལོ་7སོན་པའི་བོད་རིགས་མཚེ་མ་བྱིས་པ་སྤུན་གསུམ་སྟེ་རིན་ཆེན་ནོར་བུ་དང་། བཀྲ་ཤིས་ནོར་བུ། བསོད་ནམས་ནོར་བུ་བཅས་ནི་ཡུན་ནན་ཞིང་ཆེན་འཇོལ་རྫོང་དཔེ་སྟོན་སློབ་ཆུང་གི་ལོ་རིམ་དང་པོའི་སློབ་མ་རེད། སྤུན་ཆེ་བ་རིན་ཆེན་ནོར་བུ་ནི་སྦྱངས་འབྲས་ཧ་ཅང་བཟང་བས། མ་འོངས་པར་སྨན་པ་ཞིག་བྱས་ནས་ཕྱིར་ཕ་ཡུལ་དུ་ལོག་ནས་ནད་པར་སྨན་བཅོས་བྱེད་རྒྱུའི་ཕུགས་འདུན་ཡོད་པ་དང་། འབྲིང་བ་བཀྲ་ཤིས་ནོར་བུ་ནི་གྲུང་ཤ་དོད་ཅིང་རྐུབ་ཡང་པོ་ཞིག་ཡིན་པས། དམག་མི་ཞིག་བྱས་ཏེ་ཁྱིམ་སྲུང་རྒྱལ་སྐྱོབ་བྱེད་རྒྱུའི་ཕུགས་འདུན་ཡོད་ཅིང་། ཆུང་བ་བསོད་ནམས་ནོར་བུ་ནི་ཞི་དུལ་གྱི་གཤིས་ཀ་ལྡན་པས། ཁོང་གིས་རང་ཉིད་པེ་ཅིང་དུ་སློབ་ཆེན་ཆེན་པོར་སློབ་སྦྱོང་བྱེད་པར་ཕྱིན་ནས་རྗེས་མར་དགེ་རྒན་ཞིག་བྱེད་རྒྱུའི་ཕུགས་འདུན་ཡོད་པ་རེད།
         སྲིད་ཇུས་ལ་གཞིགས་ནས་སློབ་ཡོན་རྩག་རྩིག་སྤྲོད་མི་དགོས་པ་མ་ཟད། ས་གནས་དེ་གའི་སྲིད་གཞུང་གིས་ཁོང་མཚེ་མ་སྤུན་གསུམ་ལ་ད་དུང་མཐོ་སྒང་ཞིང་འབྲོག་པའི་ཕྲུ་གུ་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་དང་འཚོ་བཅུད་ཁ་གསབ་རོགས་དངུལ་སོགས་ཀྱང་སྤྲད་པས། ཁོང་ཚོར་ལོ་རེར་ཁྱོན་བསྡོམས་ཁ་གསབ་རོགས་དངུལ་སྒོར་9600སྤྲད་དེ་སྦྱོང་ཚན་ལེགས་འགྲུབ་བྱས་ནས་ཕུགས་འདུན་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད།
         འཇོལ་རྫོང་དཔེ་སྟོན་སློབ་ཆུང་གི་སློབ་གཙོས་མཚམས་སྦྱོར་བྱས་པར་གཞིགས་ན། སློབ་གྲྭ་དེར་ཁྱོན་བསྡོམས་སློབ་མ་503ཡོད་པ་དང་། དེའི་ཁྲོད་བརྒྱ་ཆ་དགུ་བཅུ་ཙམ་ནི་བོད་རིགས་ཡིན་ཞིང་། སློབ་གྲྭ་དེ་རུ་“རྩ་ཆག་གཉིས་དང་ཁ་གསབ་གཅིག་”གི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་མ་ཟད། ས་གནས་དེ་གའི་སྲིད་གཞུང་གིས་ད་དུང་གྲོང་གསེབ་ཀྱི་སློབ་མ་ཚོར་མཐོ་སྒང་ཞིང་འབྲོག་པའི་ཕྲུ་གུ་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་དང་འཚོ་བཅུད་ཁ་གསབ་རོགས་དངུལ་སྤྲོད་ཀྱི་ཡོད་པས། ཁུལ་ཡོངས་ཀྱི་ཞིང་འབྲོག་པའི་ཕྲུ་གུ་སློབ་མ་ཁྲི་5ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།
    འཛིན་གྲྭའི་དགེ་རྒན་ཝང་ཡུས་ཧྥེང་གིས་མཚེ་མ་སྤུན་གསུམ་དང་གླེང་མོལ་བྱེད་བཞིན་པ།
    འཛིན་གྲྭའི་དགེ་རྒན་ཝང་ཡུས་ཧྥེང་གིས་མཚེ་མ་སྤུན་གསུམ་དང་གླེང་མོལ་བྱེད་བཞིན་པ།
    མཚེ་མ་སྤུན་གསུམ་གྱིས་སློབ་གྲྭར་རྩིས་འཁོར་སློབ་སྦྱོང་བྱེད་བཞིན་པ།
    མཚེ་མ་སྤུན་གསུམ་གྱིས་སློབ་གྲྭར་རྩིས་འཁོར་སློབ་སྦྱོང་བྱེད་བཞིན་པ།
    སློབ་གྲྭ་གྲོལ་རྗེས་མཚེ་མ་སྤུན་གསུམ་གྱི་ཨ་ཕྱི་ཡིས་བསུས་ཏེ་ནང་ལ་ལོག་པ།
    སློབ་གྲྭ་གྲོལ་རྗེས་མཚེ་མ་སྤུན་གསུམ་གྱི་ཨ་ཕྱི་ཡིས་བསུས་ཏེ་ནང་ལ་ལོག་པ།
      

    ཕྱོགས་བསྡུས་གསར་འགྱུར།