༄༅།།མཚོ་སྔོན་ཧོང་ཀྲུང་གིས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
གསར་འགྱུར་སྤེལ་དུས། 【2016ལོའི་ཟླ་ 04ཚེས་02ཉིན། 14:14】 (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་གིས། སྐུ་འབུམ་བྱམས་པ་གླིང་དགོན་གྱི“ཁྱད་འཕགས་ལག་ཤེས་སྒྱུ་རྩལ་གསུམ”དང་གཏིང་ཟབ་པའི་དམངས་ཁྲོད་ཀྱི་རིག་གནས་ལ་བརྟེན་ནས། ཞིང་པའི་རི་མོ་དང་། འཚེམ་དྲུབ། འཇིམ་བཟོ། ཤིང་བརྐོས། ལྡེབས་རིས། བོད་རུམ། ཟངས་དངུལ་ཡོ་ཆས་བཅས་གཙོ་བོར་བྱས་པའི“པད་མ་འདབ་བརྒྱད”ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ས་གནས་དེ་གའི་སྲིད་གཞུང་གིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་4བཏང་ནས། རིག་གནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་སྐྱེད་སྲིང་ལ་སྐུལ་འདེད་བཏང་བས། མིག་སྔར་རྫོང་དེ་གར་ཐོ་བཀོད་བྱས་པའི་རིག་གནས་ཁེ་ལས་70ཟིན་པ་དང་། སྒེར་གཉེར་ཚོང་དུད་500ལྷག་ཙམ་ཟིན་པ། ཞིང་ཆེན་ཕྱི་ནང་གི་ཕྱིར་ཚོང་དྲ་ཚུགས་500ལྷག་ཙམ་ཟིན་ཡོད། “རྟེན་གཞི་དང་ཞིང་དུད་ཟུང་འབྲེལ་དང་རྟེན་གཞིས་ཞིང་དུད་སྣེ་ཁྲིད”ཀྱི་བྱ་ཐབས་བརྒྱུད། ས་གནས་དེ་གའི་ཞིང་པའི་སྒྱུ་རྩལ་པ་དང་དེ་བཞིན་འབྲེལ་ཡོད་ལས་སྒྲུབ་མི་སྣ་ཁྲི་2.4ལ་ཕྱུག་འགྱུར་ལམ་བུ་གཏོད་ཡོད། 2015ལོར་ཧོང་ཀྲུང་རྫོང་རིག་གནས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་9.6ཟིན་ཡོད་པ་རེད།
འདི་ནི་ཟླ་3ཚེས་23ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་གི་ཞིང་པའི་སྒྱུ་རྩལ་པ་ལི་ཡུས་ཕུའུ་ཡིས་སངས་རྒྱས་འོད་སྐོར་བཟོ་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་འཁོར་ཁང་ནང་སྐུ་འདྲ་ཞིག་ལ་ཞལ་གསེར་སྒྲོན་པའི་གནས་ཚུལ་ཡིན་པ།
