འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་གཙོ་གནད་ཟློས་གར་རྣམ་གྲངས་མི་རིགས་ཀྱི་བྲོ་གར་《གླིང་སྒྲུང》ཞེས་པ་ནང་
    སྦྱོང་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 18:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་གྱི་གཙོ་གནད་ཟློས་གར་རྣམ་གྲངས་མི་རིགས་ཀྱི་བྲོ་གར་《གླིང་སྒྲུང་》ཞེས་པ་དངོས་སུ་ནང་སྦྱོང་བྱེད་འགོ་ཚུགས་ནས་སྔོན་དཔག་བྱས་ན་ཟླ་བ་བདུན་པའི་ཟླ་དཀྱིལ་དུ་ཟི་ལིང་དུ་འཁྲབ་སྟོན་ཐེངས་དང་པོ་བྱ་རྒྱུ་རེད།
         མི་རིགས་ཀྱི་བྲོ་གར་《གླིང་སྒྲུང་》ཞེས་པ་ནི་མཚོ་སྔོན་གྱིས་ཉེ་བའི་ལོ་ཤས་རིང་གཙོ་གནད་བཏོད་པའི་ཟློས་གར་རྣམ་གྲངས་ཆེ་གྲས་ཤིག་ཡིན་པ་དང་དེའི་བརྗོད་བྱ་གཙོ་བོ་ནི་བོད་རིགས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་ངག་མཚོན་པའི་《གླིང་སྒྲུང་》ནས་བྱུང་བ་རེད། 《གླིང་སྒྲུང་》ནི་འཛམ་གླིང་ཐོག་གི་ཆེས་རིང་ཤོས་ཀྱི་ལོ་རྒྱུས་མཚོན་པའི་སྙན་ངག་འབའ་ཞིག་དེ་ཡིན་པ་དང་དེའི་ནང་བོད་རིགས་ཀྱི་ལྷ་སྒྲུང་དང་། ཤོད་རྒྱུན། དམངས་ཁྲོད་ཀྱི་གཏམ་རྒྱུད། དམངས་གཞས། གཏམ་དཔེ་བཅས་གཅིག་ཏུ་སྡུད་ཡོད་པ་དང་དེ་ནི་བོད་ཀྱི་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་བརྩམས་ཆོས་ཤིག་ཡིན་པས་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ནས“ཤར་ཕྱོགས་ཀྱི་ཧོ་མའི་ལོ་རྒྱུས་མཚོན་པའི་སྙན་ངག”ཅེས་བརྗོད་ཀྱི་ཡོད།
         མི་རིགས་ཀྱི་བྲོ་གར་《གླིང་སྒྲུང་》ཞེས་པའི་གསར་རྩོམ་ཚན་ཁག་གཙོ་བོས་མཚོ་སྔོན་གྱི་ཆེད་ལས་མི་སྣ་རྩེར་སོན་རྣམས་གཅིག་སྡུད་བྱས་ཏེ་གསར་རྩོམ་ནང་སྦྱོང་ནང་ཞུགས་མཁན་འཁྲབ་སྟོན་པ་དང་ལས་དོན་པ་ཁྱོན་བརྒྱ་ཙམ་ཟིན་ཡོད།
         འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཟློས་གར་དེས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་ཆེ་རུ་བཏང་ནས་མཚོ་སྔོན་དུ་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་གཙོ་གནད་མཛེས་ལྗོངས་ཁུལ་དུ་འཁྲབ་སྟོན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།