འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།>>རྒྱལ་ནང་གསར་འགྱུར།

    ༄༅།།ཀྲུང་གོའི་རྩོམ་པ་པོར་རྒྱལ་སྤྱིའི་ཨན་ཐུའུ་ཧྲེང་གཟེངས་རྟགས་ཐོག་མར་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀྲུང་གོའི་རྩོམ་པ་པོར་རྒྱལ་སྤྱིའི་ཨན་ཐུའུ་ཧྲེང་གཟེངས་རྟགས་ཐོག་མར་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་4ཉིན་དབྱི་ཐ་ལིའི་པོ་ལུའོ་ཉི་ཡ་རྒྱལ་སྤྱིའི་བྱིས་པའི་དཔེ་དེབ་འགྲེམས་སྟོན་ཐོག་ཀྲུང་གོའི་བྱིས་པའི་རྩོམ་རིག་གི་རྩོམ་པ་པོ་ཚའོ་ཝུན་ཞོན་ལ་གཟི་བརྗིད་ངང་2016ལོའི་རྒྱལ་སྤྱིའི་ཨན་ཐུའུ་ཧྲེང་གཟེངས་རྟགས་ཐོབ་པ་དང་། འདི་ནི་ཀྲུང་གོའི་རྩོམ་པ་པོར་གཟེངས་རྟགས་འདི་ཉིད་ ཐོག་མར་ཐོབ་པ་རེད།
         རྒྱལ་སྤྱིའི་ཨན་ཐུའུ་ཧྲེང་གཟེངས་རྟགས་ནི་རྒྱལ་སྤྱིའི་བྱིས་པའི་ཀློག་དེབ་མནའ་འབྲེལ་གྱིས་1956ལོར་བཙུགས་པ་དང་། ལོ་གཉིས་རེར་དཔྱད་འདེམས་ཐེངས་རེ་བྱེད་ཀྱིན་ཡོད་ཅིང་། འདི་ལ"བྱིས་པའི་རྩོམ་རིག་ལས་རིགས་ཀྱི་ནོ་པེར་རྩོམ་རིག་གཟེངས་རྟགས"ཞེས་མཚན་སྙན་ཐོབ་ཡོད་ཅིང་། དམིགས་ཡུལ་ནི་འཛམ་གླིང་ཁྱབ་ཁོངས་ཀྱི་ཕུལ་བྱུང་བྱིས་པའི་རྩོམ་རིག་གི་རྩོམ་པ་པོ་དང་བར་འཇུག་རི་མོ་མཁས་ཅན་ཚོར་གཟེངས་བསྟོད་བྱེད་ཕྱིར་རེད།
         ཚའོ་ཝུན་ཞོན་ནི་1954ལོར་ཅང་སུའུ་ཞིང་ཆེན་ཡན་ཁྲེང་ནས་སྐྱེས་ཤིང་། ད་ལྟ་པེ་ཅིང་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་དགེ་རྒན་ཆེ་མོ་ཡིན་པ་དང་། 《རྩྭ་ཁང་》ཞེས་པ་དང་《མེ་ཐེལ་》ཞེས་པ་སོགས་ཀྱི་བརྩམས་ཆོས་མང་པོའི་ཐོག་ནས་ཀློག་མཁན་ཚོའི་དགའ་བསུ་ཐོབ་པ་དང་། ཁོང་ལ་སུང་ཆིན་ལེན་རྩོམ་རིག་གཟེངས་རྟགས་ཀྱི་གསེར་གྱི་རྟགས་མ་དང་། པིང་ཞིན་རྩོམ་རིག་གཟེངས་རྟགས་ཆེན་མོ། ཀྲུང་གོ་རྒྱལ་ཁབ་དཔེ་དེབ་གཟེངས་རྟགས། གསེར་བྱའི་བྱ་དགའི་འཁྲབ་གཞུང་རྩོམ་སྒྲིག་པའི་གཟེངས་རྟགས་སོགས་ཐོབ་མྱོང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།