འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་ཁུལ་གྱི"9+3"སློབ་མ་ཚོས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སི་ཁྲོན་བོད་ཁུལ་གྱི'9+3'སློབ་མ་ཚོས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་2ཉིན་སི་ཁྲོན་ཞིང་ཆེན་ནན་ཁྲུང་འཕྲོད་བསྟེན་སློབ་གྲྭ་རུ་སློབ་གཉེར་བྱེད་པའི་སི་ཁྲོན་བོད་ཁུལ་གྱི"9+3"སློབ་ཡོན་མི་དགོས་པའི་སློབ་གསོ་འཆར་གཞིའི་སློབ་མའི་འཐུས་མི་50ནན་ཁྲུང་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་བང་སོ་གླིང་དུ་ཕྱིན་ཏེ་གསར་བརྗེ་སྔོན་གཤེགས་དཔའ་བོར་སྙིང་ཐག་པ་ནས་དྲན་གསོ་ཞུས་པ་རེད།
         སི་ཁྲོན་བོད་ཁུལ་གྱི"9+3"སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་དེ་2009ལོ་ནས་ལག་བསྟར་བྱེད་འགོ་ཚུགས་པ་ནས་བཟུང་ནན་ཁྲུང་འཕྲོད་བསྟེན་སློབ་གྲྭར་སློབ་གཉེར་བྱེད་པའི"9+3"སློབ་ཡོན་མི་དགོས་པའི་སློབ་གསོ་འཆར་གཞིའི་བོད་རིགས་སློབ་མའི་འཐུས་མི་ཚོས་ལོ་ལྟར་གྱི་དྭངས་གསལ་དུས་ཚིགས་ཉིན་ནན་ཁྲུང་སྔོན་གཤེགས་དཔའ་བོའི་བང་སོ་གླིང་དུ་ཕྱིན་ཏེ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བཞིན་ཡོད་པ་རེད།
    ༄༅།།སི་ཁྲོན་བོད་ཁུལ་གྱི'9+3'སློབ་མ་ཚོས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།