འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་ཡིས་བྱེད་ཐབས་སྣ་མང་སྤྱད་ནས་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་
    སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་1ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲོའུ་པོ་ཡིས་སྒྱུར་བཅོས་ཀྱི་བྱེད་ཐབས་ཆེན་པོ་དྲུག་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་2030ལོར་སླེབས་སྐབས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་པའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ལྟེ་བའི་ནུས་པ་་ཆགས་པ་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
         ཟླ་3ཚེས་30ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཧྲང་ཧའེ་ཡིས་ཕྱོགས་ཡོངས་ནས་གསར་གཏོད་སྒྱུར་བཅོས་ཚོད་ལྟར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་མགྱོགས་མྱུར་བསྐྲུན་རྒྱུའི་ཇུས་གཞིར་》རྩ་དོན་ཐོག་ནས་གྲོས་འཆམ་བྱུང་ཞིང་། ཚེས་1ཉིན་ཀྲོའུ་པོ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཧྲང་ཧའེ་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ལྟེ་གནས་བསྐྲུན་པའི་ལས་འགན་གཙོ་བོ་བཞི་ནི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་བསྐྲུན་རྒྱུ་དང་། ཐུན་མོང་རང་བཞིན་གྱི་ལག་རྩལ་གསར་སྤེལ་དང་གཞན་སྒྱུར་ལས་སྟེགས་བསྐྲུན་རྒྱུ། ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་གལ་ཆེན་གྱི་རྣམ་གྲངས་དང་རྨང་གཞིའི་འདུ་འགོད་ལག་བསྟར་བྱ་རྒྱུ། ཀྲང་ཅང་གི་རྒྱལ་ཁབ་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།