འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་ཟླ་བ་གསུམ་པའི“ཀྲུང་གོའི་མི་
    བཟང་གི་མིང་ཐོ”ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་03ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་31ཉིན་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་ཉིང་ཞའི་ཝུའུ་ཀྲུང་དུ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་མི་བཟང་གི་ས་གནས་ས་ཐོག་གི་སྤེལ་རེས་བྱེད་སྒོ་སྤེལ་བ་དང་། ས་གནས་ས་ཐོག་ཏུ་ཟླ་བ་གསུམ་པའི“ཀྲུང་གོའི་མི་བཟང་གི་མིང་ཐོ”དང“བོགས་གཏོང་རླངས་འཁོར་གཏོང་མཁན་ཁ་ལོ་བ་བཟང་པོ”ཝུའུ་ཀྲེན་ཧུང་དང་། དམིགས་བསལ་ཉེན་རྟོག་པ་དཔའ་བོ་ཝུའུ་ཅུན། ཕ་མར་བསྙེན་བཀུར་བྱེད་མཁན་བུ་མོ་ཧོང་དབྱིང་སོགས་མང་ཚོགས་ཉེ་འགྲམ་གྱི་མི་བཟང་108གཟི་བརྗིད་ངང་མིང་ཐོའི་ནང་བཀོད་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཟླ་བ་གསུམ་པར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དྲ་དམངས་ཀྱིས་མི་བཟང་དང་བྱ་བཟང་གི་ཁུངས་སྣེ་ཁྲི་24ལྷག་ཙམ་འོས་སྦྱོར་བྱས་པ་དང་འོས་སྦྱོར་དང་། དཔྱད་མོལ། བསྔགས་པ། དྲན་འཆར་འགོད་པ་སོགས་ནང་ཞུགས་མཁན་དྲ་དམངས་མི་ཐེངས་ཁྲི་4200ཟིན་པ་དང་དྲ་བའི་ཐོག་མཐོང་སྣང་ཁྲི་4ལྷག་ཙམ་བཀོད་ཡོད་པ་རེད།
         ད་ཐེངས“ཀྲུང་གོའི་མི་བཟང་གི་མིང་ཐོའི”ནང་ཚུད་པའི་ཁྲོད“ཁྱིམ་ཚང་གི་དགེ་སྒྲུབ་ཐེབས་རྩ”བཙུགས་ཏེ་ནང་མི་ཚང་མའི་སྣེ་འཁྲིད་ནས་སློབ་ཤོར་བྱིས་པར་རོགས་རམ་བྱེད་མཁན་ཅང་སུའུ་ནན་ཅིང་གི་ཏང་ཡོན་རྒན་གྲས་ཧན་ཧྲོའུ་ཤུན་དང་། ཁྲག་སྐྱེས་ཕྲ་ཕུང་གཙོ་བོ་ཞལ་འདེབས་ཕུལ་ནས་ལོ་12ལ་སོན་པའི་ཕྲུ་གུའི་སྲོག་སྐྱོབ་མཁན་ཨན་ཧུའེ་ཧོའེ་པེ་སློབ་ཆེན་གྱི་སློབ་མ་ལི་ཧུའུ། དཔའ་ངར་ཆེན་པོས་ཆུར་ལྷུང་པའི་བུད་མེད་སྐྱོབ་མཁན་ཧྲན་ཏུང་ཝུའེ་ཧྥང་གི་དགེ་སྒྲུབ་བགྲེས་སོང་ཀུའོ་ཅེ་ཝུན། དུག་ཚོང་རྒྱག་མཁན་འཛིན་བཟུང་བྱེད་པའི་འཐབ་ཕྱོགས་དང་པོར་ཐེངས་150ལྷག་ཙམ་ཞུགས་པ་དང་ཉེན་ཁའི་ཁྲོད་མང་ཚོགས་ཆེད་མདེའུ་འགོག་མཁན་ཧུའུ་ནན་གཡོད་དབྱང་གི་ལྕགས་ལམ་ཉེན་རྟོག་པ་ཧུའུ་ཀོང་ཀྲེ ལས་གནས་ནས་ཁ་བྲལ་ནས་ལོ་4སོང་བའི་ལས་བཟོར་ལོ་མཇུག་བྱ་དགའ་སྒོར་ཁྲི་27གསབ་སྤྲོད་བྱེད་མཁན་ཁྲུའུ་ཆིང་གི“གཞུང་དྲང་སྦྱིན་བདག”ཝང་ཝུའེ་མིང་སོགས་ཡོད། ཀྲུང་གོའི་མི་བཟང་དཀྱུས་མ་དེ་ཚོས་ལག་ལེན་དངོས་ཀྱི་ཐོག་ནས་བརྩེ་སེམས་མཚོན་པར་བྱེད་པ་དང་མི་སེམས་འགུགས་ཐབས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱས་པས་མི་མང་པོར་སེམས་འགུལ་ཚད་མེད་ཐེབས་པ་མ་ཟད། དྲ་དམངས་ཀྱི་གདེང་འཇོག་བཟང་པོའང་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།