འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་ལ་ཛ་དྲག་གི་དངོས་རྫས་རོགས་
    སྐྱོར་མཁོ་འདོན་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་30ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་ལ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས་28ཉིན་ཀྲུང་གོ་སྲིད་གཞུང་གིས་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་ལ་ཛ་དྲག་གི་དངོས་རྫས་རོགས་སྐྱོར་སོགས་ཀྱི་གྲ་སྒྲིག་ལས་ཀ་ཧུར་ཐག་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
         ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་ཀྱང་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་གྱི་ཟླ་གསར་དམར་པོའི་ཚོགས་པ་སོ་སོར་ཨ་སྒོར་ཁྲི་10ཡི་ཛ་དྲག་གི་ལག་ཡོད་ཕྱི་རྒྱལ་དངུལ་བརྗེས་ཀྱི་རོགས་སྐྱོར་བྱ་རྒྱུ་རེད་ཅེས་བཤད།
        “ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་མི་དམངས་ལ་ཕོག་པའི་གནོད་འཚེར་བདག་གཞན་བརྗེ་བའི་བསམ་པ་འཆང་བ་དང་། ཀྲུང་གོའི་འགོ་ཁྲིད་པས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་སོ་སོར་གློག་འཕྲིན་བཏང་ནས་སེམས་གསོ་འཚམས་འདྲི་ཞུས་ཡོད་པ་རེད” ལུའུ་ཁང་གིས། ཀྲུང་གོ་སྲིད་གཞུང་ནས་གནོད་འཚེའི་གནས་ཚུལ་དང་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་དགོས་མཁོར་གཞིགས་ནས་རྗེས་མཐུད་ཀྱི་རོགས་སྐྱོར་སྐོར་སྔར་བས་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་བཤད།
         གནས་ཚུལ་སྤེལ་བར་གཞིགས་ན། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉིས། ཚེས་27ཉིན་གྱི་ཕྱི་དྲོ་སྨྱན་སྦྱོར་ལ་མིག་སྔའི་བར་མི་གྲངས་115ས་ཡོམ་གྱི་རྐྱེན་ངན་ནང་གྲོངས་པ་དང་། གཞན་ཡང་མི་གྲངས་538ལ་རྨས་སྐྱོན་ཕོག་པ། ཁང་པ་7600ལྷག་ཙམ་དང་། དབྱི་སི་ལན་གྱི་ཕྱག་ཁང་དང་། སློབ་གྲྭ སྲིད་གཞུང་གི་གཞུང་དོན་ཐོག་བརྩེགས་ཁང་ཆེན་བཅས་ཁག་གཅིག་བརྡིབས་པའམ་ཡང་ན་གཏོར་སྐྱོར་ཚབས་ཆེན་ཕོག་ཡོད་ཅེས་ར་སྤྲོད་བྱས།
         ཕ་ཁི་སི་ཐན་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུས་ཀྱིས་ཚེས་27ཉིན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ན། ས་ཡོམ་གྱིས་ཕ་ཁི་སི་ཐན་དུ་ཉུང་མཐར་ཡང་མི་གྲངས་248ཤི་བ་དང་། མི་གྲངས་1665ལ་རྨས་སྐྱོན་ཕོག་པ། ཁང་པ་4392བརྡིབས་ཡོད། གཞན་ཡང་ས་གནས་དེ་གའི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཤི་རྨས་བྱུང་བའི་མི་གྲངས་མུ་མཐུད་འཕར་བཟོ་ཡོད་པ་དང་། མིག་སྔར་ས་ཡོམ་གྱི་རྐྱེན་ངན་ནང་གྲོངས་པའི་མི་གྲངས་270ལས་བརྒལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།