འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭས་གློག་
    གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་31ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་དང་ཡ་ལུང་གཙང་པོའི་སྐས་རིམ་གློག་ཁང་མཐའ་མ་ཡིན་པའི་ཐུང་ཙི་ལིང་ཆུ་ཤུགས་གློག་ཁང་གི་ཁག་དང་པོའི་འཕྲུལ་ཚན་2ནས་གོང་ཚེས་ཉིན་དངོས་སུ་གློག་གཏོང་འགོ་ཚུགས་ནས་ཡ་ལུང་གཙང་པོའི་འབབ་རྒྱུད་ཀྱི་སྨད་རྒྱུད་ཆུ་ནུས་ཐོན་ཁུངས་གསར་སྤེལ་བདེ་བླག་ངང་ལེགས་གྲུབ་བྱས་ཡོད།
         ཐུང་ཙི་ལིང་ཆུ་ཤུགས་གློག་ཁང་ནི་2010ལོར་རྒྱལ་ཁབ་ཀྱིས་གཏན་འཁེལ་གནང་བའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་མཚོན་རྟགས་རང་བཞིན་གྱི་གཙོ་གནད་རྣམ་གྲངས་23གྱི་གྲས་ཤིག་ཡིན་པ་དང་སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཁྱེར་ཡན་པན་རྫོང་ཁོངས་ཀྱི་ཡ་ལུང་གཙང་པོའི་མ་ཆུའི་་ཐོག་བསྐྲུན་ཡོད། གློག་ཁང་དེ་སྟོད་རྒྱུད་ཀྱི་ཨར་ཐན་ཆུ་ཤུགས་གློག་ཁང་དང་བར་ཐག་སྤྱི་ལེ་18དང་ཡ་ལུང་གཙང་པོ་འབྲི་ཆུར་འབྲེལ་མཚམས་དང་སྤྱི་ལེ་15ཡོད། དེ་ནི་ཡ་ལུང་གཙང་པོའི་སྨད་རྒྱུད་ཀྱི་སྐས་རིམ་གློག་ཁང་མཐའ་མ་དེ་ཡིན་པ་དང་དེའི་ལས་འགན་གཙོ་བོ་ནི་གློག་གཏོང་རྒྱུ་དེ་ཡིན། གློག་ཁང་ལ་ཁྱོན་མ་རྩ་སྒོར་དུང་ཕྱུར་62.57གཏོང་རྒྱུའི་ཞིབ་མཆན་བཀོད་པ་དང་། ཆན་ཝ་ཁྲི་15ཟིན་པའི་འཁོར་མདའི་རླུང་གཡབ་རྣམ་པའི་ཆུ་འཁོར་གློག་གཏོང་འཕྲུལ་ཚན་4སྒྲིག་སྦྱོར་བྱས་པ། འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་60ཟིན་པ། ལོ་མང་གི་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་29.75ཟིན་ཡོད།
         ཡ་ལུང་གཙང་པོའི་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཁྲེན་ཡུན་ཧྭ་ཡིས་ཐུང་ཙི་ལིང་ཆུ་ཤུགས་གློག་ཁང་ལ་ཆུ་མཛོད་ཀྱིས་བསྣུབས་པའི་གྱོང་གུན་ཆུང་བ་དང་། འཛུགས་སྐྲུན་དུས་ཡུན་ཐུང་བ། གློག་གཏོང་སྤུས་ཚད་ལེགས་པ་སོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། གློག་ཁང་དེ་སི་ཁྲོན་གྱི་དྲ་གཙོ་དང་ཕན་ཤིའི་གློག་དྲ་དང་ཐག་ཉེ་བས་ཆུའི་སྟོད་རྒྱུད་དུ་ཨར་ཐན་ཆུ་མཛོད་དང་ཅིང་ཕིང་རིམ་པ་དང་པོའི་ཆུ་མཛོད་བསྐྲུན་ཡོད། གཙང་ཆུ་གཉིས་ཀྱི་ཆུ་མཛོད་བསྐྲུན་ཟིན་པ་དང་ཆབས་ཅིག་ཆུ་མཛོད་ཆེན་པོ་གསུམ་གྱི་བཞུར་རྒྱུན་སྙོམས་སྒྲིག་གི་ཤུགས་རྐྱེན་ཕོག་སྟབས་ཐུང་ཙི་ལིང་ཆུ་ཤུགས་གློག་ཁང་གིས་ཆུ་བྲི་བའི་དུས་སུ་ནུས་པ་འདོན་ཚད་ཆེས་ཆེར་ཕྱིན་ནས་སི་ཁྲོན་གློག་དྲའི་མེད་དུ་མི་རུང་བའི་གློག་འདོན་ཁུངས་ཡག་ཤོས་གྲས་ཡིན་ལ་དེང་གི་གློག་ཤུགས་ཁོངས་གཏོགས་ལ་འཕྲལ་མཁོ་ཆེ་བའི་གློག་ཁུངས་རིགས་ཤིག་ཀྱང་ཡིན། 2016ལོར་འཕྲུལ་ཚན་ཚང་མ་ནས་གློག་གཏོང་འགོ་ཚུགས་རྗེས་ལོ་ལྟར་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་8.6ཙམ་གསར་འཕར་བྱེད་ཐུབ་པ་དང་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་87གྲོན་ཆུང་བྱེད་ཐུབ་ཁར། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་དང་། སི་ཁྲོན་གློག་དྲའི་ནུས་ཁུངས་གྲུབ་ཆ་ལེགས་སྒྲིག ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཐད་ནུས་པ་གལ་ཆེན་ཐོན་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།