འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་གཞུང་ཕྱོགས་ཀྱི་ཕྱུཌ་རིགས་སྨན་པའི་ལམ་ལུགས་ཁྱབ་སྤེལ་བཏང་བ།

    ཁག་དང་པོའི་གཞུང་ཕྱོགས་ཕྱུགས་རིགས་སྨན་པ་915གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་31ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། རང་ལྗོངས་ཀྱི་ཕྱུགས་རིགས་སྨན་པའི་ལས་དོན་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས་འདི་ལོ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་གཞུང་ཕྱོགས་ཀྱི་ཕྱུགས་རིགས་སྨན་པའི་ལམ་ལུགས་ཁྱབ་སྤེལ་བཏང་བ་མ་ཟད། ལྗོངས་ཡོངས་ཀྱི་ཁག་དང་པོའི་གཞུང་ཕྱོགས་ཕྱུགས་རིགས་སྨན་པ་915གཏན་འཁེལ་ཡང་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། གཞུང་ཕྱོགས་ཕྱུགས་རིགས་སྨན་པ་གཏན་འཁེལ་བྱས་པ་དེས་སྲོག་ཆགས་གསོ་ཚགས་གཉེར་སྐྱོང་དང་། སྲོག་ཆགས་ཐོན་རྫས་ཐོན་སྐྱེད་ལས་སྣོན། འཁོར་རྒྱུག་གཉེར་སྐྱོང་སོགས་ཀྱི་ལྷུ་ཚིགས་ཁྲོད་སྐུལ་འདེད་བཏང་སྟེ་སྲོག་ཆགས་ཀྱི་འཕྲོད་བསྟེན་བྱ་ཐབས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་། ཚོད་འཛིན། དོ་དམ་བཅས་བྱས་ནས་རིམས་ནད་ཁྱབ་འགྱེད་ཀྱི་ཉེན་ཁ་ཆུང་དུ་འགྲོ་རྒྱུ་དང་། བཟའ་བཅའི་བདེ་འཇགས་དང་སྲོག་ཆགས་ཀྱི་བདེ་ཐང་འགན་ལེན། རང་ལྗོངས་ཀྱི་འབྲོག་ལས་སྐྱོན་བྲལ་ངང་འཕེལ་རྒྱས་བཅས་ལ་སྐུལ་མ་ཐེབས་རྒྱུ་རེད། 2010ལོར་རྒྱལ་ཡོངས་དང་མཉམ་དུ་ལས་གཉེར་ཕྱུགས་རིགས་སྨན་པའི་ཐོབ་ཐང་རྒྱུགས་ལེན་ལག་བསྟར་བྱས་པ་ནས་ད་བར་རང་ལྗོངས་སུ་མི་ཐེངས་62ལ་《རྒྱལ་ཡོངས་ཀྱི་ལས་གཉེར་(ལས་རོགས)ཕྱུགས་རིགས་སྨན་པའི་ཐོབ་ཐང་ལག་ཁྱེར་》རག་པ་དང་། མི་ཐེངས་25ལ་《བོད་རང་སྐྱོང་ལྗོངས་ཀྱི་ལས་གཉེར་(ལས་རོགས)ཕྱུགས་རིགས་སྨན་པའི་ཐོབ་ཐང་ལག་ཁྱེར་》རག་ཡོད། འདི་ལོ་2015ལོའི་རྒྱལ་ཡོངས་ཀྱི་ལས་གཉེར་ཕྱུགས་རིགས་སྨན་པའི་ཐོབ་ཐང་རྒྱུགས་ལེན་ནང་ཁྱོན་མི་གྲངས་102ཞུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།