འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་
    ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་28ཉིན། 15:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་
ལ་སྐུལ་འདེད་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3300ཟིན་པ་དང་ཡུན་ནན་དང་། སི་ཁྲོན། བོད་བཅས་ཞིང་ཆེན་(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། 1998ལོའི་གོང་རང་བྱུང་ཤིང་ནགས་གཅོད་པ་དེ་ས་གནས་དེ་གའི་དཔལ་འབྱོར་ཡོང་ཁུངས་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་བདེ་ཆེན་ཀྲོའུ་ཡིས“སྣོད་བཅུད་ལ་བརྟེན་ནས་ཀྲོའུ་འཛུགས་སྐྱོང”མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། རྨོ་བསྐྱུར་ནགས་གསོ་དང་། སྐྱས་སྤོས་རྩྭ་གསོ། རང་བྱུང་ནགས་ཚལ་སྲུང་སྐྱོང་། ས་ཆ་བཅོས་སྒྲིག སྦགས་བཙོག་འགོག་བཅོས་སོགས་སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་ལས་གཞི་རྒྱུན་མཐུད་ངང་སྤེལ་བ། “ངོ་མཚར་ཆེ་བའི་ཡུན་ནན་སེམས་ཀྱི་ཉི་ཟླའི་སྲུང་སྐྱོང་བྱ་སྤྱོད”དང“ཡུན་ནན་ནུབ་བྱང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལས་གཞི”ལག་བསྟར་བྱས་པས་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། མིག་སྔར་ཀྲོའུ་ཡོངས་ཀྱི་ནགས་ལས་ས་ཆའི་རྒྱ་ཁྱོན་མུའུ་ཁྲི་2826.63ཟིན་པ་དེས་ཀྲོའུ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་78.95%བཟུང་བ་དང་ཀྲོའུ་ཡོངས་སུ་ནགས་ཚལ་ཁྱབ་ཚད་73.95%ཟིན་ཡོད། འདི་ལོའི་ལོ་སྟོད་དུ་བདེ་ཆེན་ཀྲོའུ་དེ་རྒྱལ་ཁབ་རིམ་པའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་དཔེ་སྟོན་ཁུལ་ཁག་དང་པོའི་གྲས་སུ་ཚུད་ཡོད།
    ༄༅།།ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་
ལ་སྐུལ་འདེད་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།