འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་སྐབས་དང་པོའི་མི་རིགས་རང་སྐྱོང་ཁུལ་དང་གྲོང་ཁྱེར་གྱི་ལན་ཆིའུ་
    སྤོ་ལོའི་གདན་ཞུ་འགྲན་བསྡུར་གཉེར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་30ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷ་ས་གྲོང་ཁྱེར་གྱིས་སྐབས་དང་པོའི་མི་རིགས་རང་སྐྱོང་ཁུལ་དང་གྲོང་ཁྱེར་གྱི་ལན་ཆིའུ་
སྤོ་ལོའི་གདན་ཞུ་འགྲན་བསྡུར་གཉེར་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན་གསར་འགོད་པས་ལྷ་སའི་སྐབས་དང་པོའི་མི་རིགས་རང་སྐྱོང་ཁུལ་དང་གྲོང་ཁྱེར་གྱི་ལན་ཆིའུ་སྤོ་ལོའི་གདན་ཞུ་འགྲན་བསྡུར་དང་ལུས་རྩལ་ཐོན་ལས་འཕེལ་རྒྱས་གླེང་སྟེགས་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་མི་རིགས་རང་སྐྱོང་ཁུལ་དང་གྲོང་ཁྱེར་གྱི་ལན་ཆིའུ་སྤོ་ལོའི་གདན་ཞུ་འགྲན་བསྡུར་ཟླ་11ཚེས་1ཉིན་ནས་འགོ་འཛུགས་རྒྱུ་ཡིན་པ་དང་། སྐབས་དེར་ཤིན་ཅང་དང་། ནང་སོག ཅི་ལིན། ཡུན་ནན། སི་ཁྲོན། མཚོ་སྔོན་སོགས་ས་ཁུལ་གྱི་རང་སྐྱོང་ཁུལ་དང་གྲོང་ཁྱེར་8ཀྱིས་ལན་ཆིའུ་སྤོ་ལོ་རུ་ཁག་མངགས་གཏོང་བྱས་ཏེ་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
         ལྷ་ས་གྲོང་ཁྱེར་གྱི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ནམ་རྒྱུན་ལས་འགོ་འཛིན་གཞོན་པ་ཧུང་ཅ་ཀྲི་ཡིས“ཐེངས་འདིའི་ལན་ཆིའུ་སྤོ་ལོའི་གདན་ཞུ་འགྲན་བསྡུར་གཉེར་བའི་དམིགས་ཡུལ་གཙོ་བོ་ནི་མཐོ་སྒང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་ཐོན་ལས་ཀྱི་སྤུས་རྟགས་གསར་སྐྲུན་བྱེད་རྒྱུ་དང་། ལྷ་ས་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ས་ཁུལ་ཁག་བར་གྱི་ལུས་རྩལ་རིག་གནས་ལས་དོན་སྤེལ་རེས་དང་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཏེ་མི་རིགས་རང་སྐྱོང་ཁུལ་དང་གྲོང་ཁྱེར་ཁག་གི་བར་གྱི་སྤེལ་རེས་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་རིགས་བར་གྱི་བརྩེ་བ་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན”ཞེས་བརྗོད་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། ལན་ཆིའུ་སྤོ་ལོའི་གདན་ཞུ་འགྲན་བསྡུར་གཉེར་བའི་གོང་ལ་ད་དུང་ལུས་རྩལ་ཐོན་ལས་འཕེལ་རྒྱས་གླེང་སྟེགས་འཚོགས་ཏེ་མི་རིགས་ས་ཁུལ་གྱི་ལུས་རྩལ་ཐོན་ལས་འཕེལ་རྒྱསགཏོང་རྒྱུ་སོགས་ཀྱི་གྲོས་གྲོས་དོན་ལ་གཞིགས་ནས་ཞིབ་འཇུག་གྲོས་གླེང་བྱེད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།