འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ཕྲུ་གུ་དམར་འབྱར་ཁྲི་2ལ་སྙིགས་འབུད་གསར་ལེན་ནུས་ཉམས་རྒྱུད་ཁྲིད་ནད་རིན་
    མེད་བརྟག་དཔྱད་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་31ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ཀྱི་ཕྲུ་གུ་དམར་འབྱར་ཁྲི་2ལ་སྙིགས་འབུད་གསར་ལེན་ནུས་ཉམས་རྒྱུད་ཁྲིད་ནད་རིན་
མེད་བརྟག་དཔྱད་བྱ་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་སྐྱེས་མ་ཐག་གཟུགས་པོར་ནད་གཞི་ཡོད་པར་ཐེ་ཇུས་རོགས་སྐྱོབ་དང་འོས་འགན་སྨན་བཅོས་ཀྱི་རིམ་སྤེལ་སྤྱི་ཕན་བྱེད་སྒོ་ཁག་དང་པོ་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་དུ་སྤེལ་བ་རེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་མོ་ནད་བུ་བཙའི་ཚན་ཁག་དང་བྱིས་པའི་ཚན་ཁག་གི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོས་ས་ཆ་དེ་གར་འོས་འགན་སྨན་བཅོས་བྱས་པ་རེད།
         ཚེས་27ཉིན“འབྱུང་འགྱུར་ལ་ལྟ་རྟོག་དང་གཅེས་སེམས་བཅངས་ནས་ནད་གཞི་བཅོས”ཞེས་པའི་སྐྱེས་མ་ཐག་གཟུགས་པོར་ནད་གཞི་ཡོད་པར་ཐེ་ཇུས་རོགས་སྐྱོབ་ཀྱི་སྤྱི་ཕན་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་རེད། ཀྲུང་གོ་སྐྱེས་མ་ཐག་གཟུགས་པོར་ནད་གཞི་ཡོད་པར་ཐེ་ཇུས་རོགས་སྐྱོབ་ཐེབས་རྩ་ཚོགས་པས་མ་དངུལ་མི་དམངས་ཤོག་སྒོར་ཁྲི་400བཏང་ནས་བོད་རང་སྐྱོང་ལྗོངས་ཀྱི་ཕྲུ་གུ་དམར་འབྱར་ཁྲི་2ལ་སྙིགས་འབུད་གསར་ལེན་ནུས་ཉམས་རྒྱུད་ཁྲིད་ནད་སྨན་རིན་མི་དགོས་པར་རིགས་48བརྟག་དཔྱད་བྱས་པ་མ་ཟད། རོགས་སྐྱོབ་ཀྱི་ཆ་རྐྱེན་ཚང་བའི་ཕྲུ་གུ་ནད་པར་སྤྱི་ཕན་རོགས་སྐྱོབ་སྒོར་3000ནས་10000བར་མཁོ་འདོན་བྱས་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཨང་དང་པོ་ཡིན་པ་རེད། ཀྲུང་གོ་སྐྱེས་མ་ཐག་གཟུགས་པོར་ནད་གཞི་ཡོད་པར་ཐེ་ཇུས་རོགས་སྐྱོབ་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དང་དྲུང་ཆེ་གཞོན་པ་གཅིག་ལྕོགས་ཀུའོ་ཡུས་ཁྲེང་གིས་སྤྱི་ཕན་བྱེད་སྒོ་དེ་བོད་ནས་འགོ་བཙུགས་ཏེ་ཀྲུང་གོ་ཧྲིལ་པོའི་ཁྱབ་ཁོངས་སུ་སྐྱེས་མ་ཐག་གཟུགས་པོར་ནད་གཞི་ཡོད་པར་ཐེ་ཇུས་དང་རོགས་སྐྱོབ་བྱེད་པའི་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་བརྒྱ་ལ་ཁྱབ་པ་དང་སྨན་ཁང་སྟོང་ཕྲག་ལ་སྐྱོད་དེ་བྱིས་པ་ཁྲི་ལ་རོགས་སྐྱོབ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
         ས་བབ་མཐོ་ལ་གསོ་རླུང་མི་འདང་བ་དང་། བོད་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་གྱི་སྨན་བཅོས་ཆ་རྐྱེན་ཞན་པ། མངལ་ཆགས་སྐབས་ཨ་མའི་འཚོ་བཅུད་མི་འདང་བ་སོགས་ཀྱི་རྒྱུ་རྐྱེན་ལས་ཕྲུ་གུ་དམར་འབྱར་ལ་ནད་གཞི་ཡོད་པ་ཧ་ཅང་མང་པོ་ཡོད། 2015ལོའི་ཟླ་3པར་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི“གྲངས་ཉུང་མི་རིགས་ས་ཁུལ་གྱི་ཕྲུ་གུ་དམར་འབྱར་གྱི་གཟུགས་པོར་བརྟག་དཔྱད་བྱེད་ནུས”རྣམ་གྲངས་ལས་མངོན་གསལ། རང་རྒྱལ་གྱི་བོད་ལྗོངས་ནི་འབྲེལ་ཡོད་གྲངས་གཞི་མེད་པའི་ས་ཁུལ་གཅིག་པུ་དེ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་སྐྱེས་མ་ཐག་གཟུགས་པོར་ནད་གཞི་ཡོད་པར་ཐེ་ཇུས་དང་རོགས་སྐྱོབ་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག་རྣམ་གྲངས་དེ་མུ་མཐུད་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་མ་ཟད། བོད་དུ་སྒྲིག་ཆས་ཉོ་བ་དང་ཤེས་ལྡན་མི་སྣ་གསོ་སྦྱོང་བྱས་ཏེ་བོད་དུ་ཕྲུ་གུ་དམར་འབྱར་ལ་ཞིབ་བཤེར་བྱེད་ནུས་ལྡན་པ་བྱ་རྒྱུ་རེད། གཞན་ཡང་བོད་ཀྱིས་ད་དུང་སྦྲུམ་མ་ཚང་མ་སྨན་རིན་མི་དགོས་པར་སྨན་ཁང་ནང་ཕྲུ་གུ་སྐྱེ་རུ་བཅུག་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྨན་ཁང་དུ་ཕྲུ་གུ་སྐྱེ་མཁན་ཚང་མར་བྱ་དགའ་སྒོར་1000སྤྲོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།