འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་རིག་གནས་ཤུལ་བཞག་བོད་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་28ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།འཛམ་གླིང་རིག་གནས་ཤུལ་བཞག་བོད་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་པ།
         ལོ་རེའི་སྟོན་མཇུག་དང་དགུན་གྱི་དུས་འགོར་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ལས་སྒྲུབ་མི་སྣ་དང་ལྷ་སའི་དད་ལྡན་མང་ཚོགས་རྣམས་རང་འགུལ་ངང་ཕོ་བྲང་པོ་ཏ་ལར་ལོ་རེར་ཐེངས་རེའི་དཀར་རག་བྱུགས་པའི་ལས་ཀར་ཞུགས་པ་རེད། དམར་པོ་རིའི་སྟེང་དུ་བཞེངས་ཡོད་པའི་ཕོ་བྲང་པོ་ཏ་ལའི་བཟོ་བཀོད་གཙོ་བོ་ནི་ཕོ་བྲང་དམར་པོ་དང་ཕོ་བྲང་དཀར་པོ་ཡིན་ལ། དེ་ནི་ཕོ་བྲང་དང་གཙུག་ལག་ཁང་། སྐུ་གདུང་མཆོད་རྟེན་སོགས་གཅིག་འདུས་ཀྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཕོ་བྲང་རྣམ་པ་ལྟ་བུའི་བཟོ་བཀོད་ཀྱི་ཚོགས་ཤིག་ཡིན་ཞིང་། ཁང་མིག་ཁྲི་ལ་ཉེ་བ་ཡོད་པ་དང་བཟོ་བཀོད་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་13ལྷག་ཡོད་པ་རེད། ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་པའི་དུས་ཚོད་ནི་ལོ་རེའི་བོད་ལུགས་ཀྱི་ཟླ་དགུ་པར་ཡིན་པ་མ་ཟད། དཀར་རག་བྱུགས་པའི་ལས་ཀ་དེ་ངེས་པར་དུ་བོད་ལུགས་ཀྱི་ཟླ་བ་དགུ་པའི་ཚེས་ཉེར་གཉིས་ཉིན་གྱི་སྔོན་ལ་ཚར་དགོས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།འཛམ་གླིང་རིག་གནས་ཤུལ་བཞག་བོད་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།