འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་ཀྱི་ཉི་ཟླར་ས་ཡོམ་རིམ་པ་4.7བརྒྱབ་ཏེ་མི་7318ལ་གནོད་སྐྱོན་ཐེབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་31ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་10ཚེས་30ཉིན་གྱི་ཆུ་ཚོད་17བར་དུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བྱུང་བའི་ས་ཡོམ་རིམ་པ་4.7གྱིས་བདེ་ཆེན་རང་སྐྱོང་ཁུལ་དང་ལི་ཅང་གྲོང་ཁྱེར་གཉིས་ཀྱི་རྫོང་གཉིས་དང་གྲོང་རྡལ་གསུམ་བཅས་ཀྱི་མི་7318ལ་གནོད་སྐྱོན་ཐེབས་ཤིང་། མི་331མགྱོགས་མྱུར་གནས་སྤོ་བདེ་འཁོད་བྱས། སྡོད་ཁང་138ལ་གས་སྐྱོན་ཚབས་ཆེན་བྱུང་བ་ཡོད་པ་དང་། སྡོད་ཁང་5276ལ་གས་སྐྱོན་ཆུང་ཙམ་བྱུང་ཡོད་པ་རེད། 
         ཟླ་10ཚེས་29ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ས་ཡོམ་རིམ་པ་4.7བྱུང་བ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་8ཡོད་པ་རེད། ས་ཡོམ་གྱིས་བདེ་ཆེན་ཁུལ་དང་ལི་ཅང་གྲོང་ཁྱེར་གཉིས་ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།