འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཤིན་འཕྲིན་གཏོང་གིས་ཁ་ན་ཏར་རིམ་མཐོའི་རིག་ནུས་ལག་ཐོགས་ཁ་པར་ཡོངས་
    བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་30ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་27ཉིན་ཀྲུང་ཤིན་འཕྲིན་གཏོང་གིས་ཁ་ན་ཏའི་གྲགས་ཅན་སྐུད་མེད་གཉེར་སྐྱོང་ཚོང་པ་ལུའོ་ཅེ་སི་དང་མཉམ་དུ་ཏུའོ་ལུན་ཏུའོ་རུ་རིམ་མཐོའི་གཙོ་གནད་རིག་ནུས་ལག་ཐོགས་ཁ་པར་AXONཁ་པར་ཡོངས་བསྒྲགས་བྱས་པ་དེ་ནི། ཀྲུང་ཤིན་འཕྲིན་གཏོང་གིས་ཁ་ན་ཏའི་ཁྲོམ་རར་རིམ་མཐོའི་རིག་ནུས་ལག་ཐོགས་ཁ་པར་འདོན་ཐེངས་དང་པོ་དེ་རེད་ཅེས་བཤད།
         ལུའོ་ཅེ་སི་གློག་འཕྲིན་འཛད་སྤྱོད་ཞབས་ཞུ་པུའི་ལག་བསྟར་སྤྱི་ཁྱབ་གཞོན་པ་ལ་ཅེ·ཏུའོ་ཤིས་ད་ཐེངས་ཡོངས་བསྒྲགས་བྱས་པའི་AXONལག་ཐོགས་ཁ་པར་ཁ་ན་ཏའི་ཁྲོམ་རར་ཟླ་11ཚེས་6ཉིན་ནས་ཕྱིར་ཚོང་བྱེད་འགོ་འཛུགས་རྒྱུ་ཡིན་ཞེས་བཤད།
         ཀྲུང་ཤིན་AXONཁ་པར་འདི་ལོའི་ཟླ་7པར་ཡོངས་བསྒྲགས་བྱས་པ་ནས་ད་བར་ཨ་རི་དང་། ཀྲུང་གོ ཡོ་རོབ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་སྒོ་འབྱེད་རྣམ་པའི་ཕྱིར་ཚོང་བྱས་པ་དང་། ཀྲུང་ཤིན་འཕྲིན་གཏོང་གིས་ལུའོ་ཅེ་སི་དང་མཉམ་ལས་བྱས་པ་ལས། AXONལག་ཐོགས་ཁ་པར་བྱང་ཨ་མེ་རི་ཁའི་ཁྲོམ་རར་ཐོག་མར་བཏོན་པ་དང་། ཕྱིར་ཚོང་ཐབས་ལམ་ཡང་སྤྱི་ཚོགས་ཀྱི་སྒོ་འབྱེད་ཐབས་ལམ་ནས་གཉེར་སྐྱོང་ཚོང་པའི་ཐབས་ལམ་བར་རྒྱ་སྐྱེད་བཏང་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།