འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་བརྗོད་གཞི་གཙོ་བོར་བྱས་པའི་པར་བླངས་བརྩམས་ཆོས་འགྲེམས་སྟོན་པ་སའེ་
    ལུའོ་ན་སློབ་ཆེན་དུ་བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་30ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་བརྗོད་གཞི་གཙོ་བོར་བྱས་པའི་པར་བླངས་བརྩམས་ཆོས་འགྲེམས་སྟོན་པ་སའེ་
ལུའོ་ན་སློབ་ཆེན་དུ་བྱེད་འགོ་བརྩམས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་སི་ཕེན་རྒྱལ་ཁབ་ཀྱི་ཅ་ཐའེ་ལུའོ་ཉི་ཡའི་ཕྱིར་སྡོད་ཀྲུང་གོ་བའི་ཚོགས་པའི་མཉམ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་པར་བླངས་བརྩམས་ཆོས་འགྲེམས་སྟོན་གྱི་བོད་ལྗོངས་ལེ་ཚན་ཞེས་པ་སི་ཕེན་རྒྱལ་ཁབ་ཀྱི་པ་སའེ་ལུའོ་ན་སློབ་ཆེན་དུ་བྱེད་འགོ་བརྩམས་ཤིང་། པ་སའེ་ལུའོ་ནར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་སྤྱི་ཁྱབ་གཞུང་ཚབ་ཐང་ཧེང་དང་ཀྲུའུ་རེན་ཝང་ཧྲུའོ་དང་། པ་སའེ་ལུའོ་ན་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་རྒྱལ་སྤྱིའི་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་མཁྱེན་ལྡན་མ་Maria Callejon  ཁུང་ཙེ་སློབ་གླིང་གི་སློབ་གཙོ་མཁྱེན་ལྡན་མ་Helena Casas   ཨེ་ཤེ་ཡའི་ཁྱིམ་གཞིས་ཀྱི་རིག་གནས་ལས་བརྒལ་བའི་སྤེལ་རེས་པུའི་འགན་འཁུར་བ་མཁྱེན་ལྡན་མ་Gaelle   གཞན་ཕྱིར་སྡོད་ཀྲུང་གོ་བ་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་དེ་བཞིན་སི་ཕེན་རྒྱལ་ཁབ་ཀྱི་ལས་རིགས་ཁག་གི་མི་སྣ་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
         ཐེངས་འདིའི་པར་བླངས་བརྩམས་ཆོས་འགྲེམས་སྟོན་དུ་བོད་ལྗོངས་ཀྱི་དེང་རབས་འཚོ་བའི་རྣམ་པ་མཚོན་པའི་པར་བླངས་བརྩམས་ཆོས་200ལྷག་ཙམཀྱི་་བདམས་ཏེ་བཀྲམ་ཡོད་ཅིང་། དེས་བོད་ཀྱི་མཛེས་ལྗོངས་དང་། སྤྱི་ཚོགས་རིག་གནས་སྣ་ཚོགས། ཆོས་ལུགས། སྤྱི་ཚོགས། དཔལ་འབྱོར་བཅས་ལངས་གཟུགས་ཅན་དང་གསོན་ཉམས་ལྡན་པའི་ངོམ་སྟོན་བྱས་ཡོད། པར་བླངས་བརྩམས་ཆོས་འགྲེམས་སྟོན་བྱས་མ་ཐག་པ་སའེ་ལུའོ་ན་སློབ་ཆེན་གྱི་སློབ་མ་ཚོའི་དགའ་བསུ་དང་བསྟོད་བསྔགས་ཆེན་པོ་ཐོབ་པ་རེད།
    ༄༅།།བོད་ལྗོངས་བརྗོད་གཞི་གཙོ་བོར་བྱས་པའི་པར་བླངས་བརྩམས་ཆོས་འགྲེམས་སྟོན་པ་སའེ་
ལུའོ་ན་སློབ་ཆེན་དུ་བྱེད་འགོ་བརྩམས་པ།
      

    ཕྱོགས་བསྡུས་གསར་འགྱུར།