འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རིག་གནས་གཟའ་འཁོར་འགོ་ཚུགས་པའི་མཛད་སྒོར་བོད་ལྗོངས་ཀྱི་མི་རིགས་
    གླུ་གར་སྙན་ངག་《ཡིད་དབང་འཕྲོག་པའི་བོད་ལྗོངས་》འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་29ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་རིག་གནས་གཟའ་འཁོར་འགོ་ཚུགས་པའི་མཛད་སྒོར་བོད་ལྗོངས་ཀྱི་མི་རིགས་
གླུ་གར་སྙན་ངག་《ཡིད་དབང་འཕྲོག་པའི་བོད་ལྗོངས་》འཁྲབ་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱི་བོད་ལྗོངས་རིག་གནས་གཟའ་འཁོར་དེ་ཟླ་10ཚེས་27ཉིན་འཚོགས་འགོ་བརྩམས་པ་དང་། བོད་ལྗོངས་ཀྱི་མི་རིགས་གླུ་གར་སྙན་ངག་《ཡིད་དབང་འཕྲོག་པའི་བོད་ལྗོངས་》ཞེས་པ་ནི་“རང་རེའི་ཀྲུང་ཧྭ་ལ་དགའ”ཞེས་པའི་བོད་ལྗོངས་རིག་གནས་གཟའ་འཁོར་འགོ་ཚུགས་པའི་མཛད་སྒོའི་ཟློས་གར་ཆེན་མོར་འཁྲབ་སྟོན་བྱས་པ་རེད། 《ཡིད་དབང་འཕྲོག་པའི་བོད་ལྗོངས་》ཞེས་པ་དེ་2009ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ལེགས་སྐྱེལ་འབུལ་བའི་དགོང་ཚོགས་སུ་འཁྲབ་སྟོན་བྱས་པའི་རྗེས་སུ་བསྡོམས་པས་ཐེངས་100ལྷག་འཁྲབ་སྟོན་བྱས་པ་དང་། 2009ལོ་ནས་2010ལོའི་ལོ་འཁོར་གྱི་རྒྱལ་ཁབ་གར་སྟེགས་སྒྱུ་རྩལ་སྤུས་ལེགས་ལས་གྲྭའི་རོགས་སྐྱོར་འཁྲབ་ཚན་གཟི་བརྗིད་ངང་ཐོབ་པ་ནས་བཟུང་། བསྡོམས་པས་བཟོ་བཅོས་དང་མཐོར་འདེགས་ཐེངས་ལྔ་བྱས་ནས་རྒྱུན་ཆད་མེད་པར་བཟོ་བཅོས་འཐུས་ལེགས་སུ་གཏོང་བཞིན་ཡོད་པ་རེད།
         བོད་ལྗོངས་ཀྱི་མི་རིགས་གླུ་གར་སྙན་ངག་《ཡིད་དབང་འཕྲོག་པའི་བོད་ལྗོངས་》ཞེས་པ་ནི་བོད་ལྗོངས་ཀྱི་ས་གནས་སོ་སོ་དང་མི་རིགས་སོ་སོའི་མཚོན་བྱེད་ཀྱི་རང་བཞིན་ལྡན་པའི་གདོམ་མའི་རྣམ་པའི་སྒྱུ་རྩལ་རོལ་དབྱངས་དང་ཞབས་བྲོ་སོགས་ཀྱི་རྒྱུ་རྐྱེན་ལེགས་འདེམས་མཐོར་འདེགས་དང་གསར་གཏོད་འཕེལ་རྒྱས་བཏང་ནས། ཆེད་ལས་ཀྱི་སྤུས་ཀ་དང་དུས་རབས་ཀྱི་ཁྱད་ཆོས་མཚོན་ཐབས་བྱས་ཤིང་། གངས་རི་དང་། རྩྭ་ཐང་། རྒྱུག་ཆུ། མཚེའུ། ནགས་ཚལ་སོགས་ལས་མཛེས་སྡུག་ལྡན་པའི་བོད་ལྗོངས་་གྲུབ་པར་བྱས་ཏེ་ལྟད་མོ་བ་ཚོར་ཉམས་ལེན་མངོན་རྟོགས་བྱེད་བཞིན་པའི་ཁྲོད་དུ་《ཡིད་དབང་འཕྲོག་པའི་བོད་ལྗོངས་》རོལ་མྱོང་བྱེད་དུ་འཇུག་རྒྱུ་རེད།
    【1】  【2】  【3】  【4】  【5】
    ༄༅།།བོད་ལྗོངས་རིག་གནས་གཟའ་འཁོར་འགོ་ཚུགས་པའི་མཛད་སྒོར་བོད་ལྗོངས་ཀྱི་མི་རིགས་
གླུ་གར་སྙན་ངག་《ཡིད་དབང་འཕྲོག་པའི་བོད་ལྗོངས་》འཁྲབ་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།