འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་ཞིང་ལྗོངས་བརྒྱད་ཀྱི་མི་འབོར་དབུལ་པོ་ཁྲི་1712ཉུང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་31ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉིན་ཤས་གོང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་གཉིས”པའི་མདུན་གྱི་ལོ་བཞིར་རྒྱལ་ཁབ་དང་ས་གནས་ཀྱིས་མི་རིགས་རང་སྐྱོང་ས་གནས་ལ་རིམ་རྩིས་བྱས་ན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་1130བཏང་བར་བརྟེན་མི་རིགས་ཞིང་ལྗོངས་བརྒྱད་ཀྱི་མི་འབོར་དབུལ་པོ་ཁྲི་3917ནས་མི་འབོར་དབུལ་པོ་ཁྲི་2205བར་ཆག་ནས་མི་འབོར་དབུལ་པོ་ཁྲི་1712ཉུང་དུ་ཕྱིན་པ་དང་འབྲེལ་དབུལ་པོ་43%ཉུང་དུ་ཕྱིན་ཡོད། དབུལ་པོ་ཐོན་ཚད་ཀྱང་26.5%ནས་14.7%བར་ཆག་པ་དང་བརྒྱ་ཆའི་གྲངས་11.8ཆག་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
         རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་ཞིང་ལྗོངས་བརྒྱད་ནང་ནང་སོག་རང་སྐྱོང་ལྗོངས་དང་། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། བོད་རང་སྐྱོང་ལྗོངས། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་བཅས་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ལྗོངས་ཆེན་པོ་ལྔ་དང་གྲངས་ཉུང་མི་རིགས་གཅིག་སྡུད་ཀྱི་ཀུའེ་ཀྲོའུ་དང་། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་གསུམ་ཚུད་ཡོད་ཅིང་། 2011ལོར་《ཀྲུང་གོའི་གྲོང་གསེབ་དབུལ་སྐྱོར་གསར་སྤེལ་རྩ་གནད་(2011ལོ་ནས་2020ལོ་བར)》ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཁབ་ཀྱིས་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14དང་། གཙོ་གནད་རྫོང་592 གྲོང་ཚོ་དབུལ་པོ་ཁྲི་3བཅས་ལོ་བཅུའི་དབུལ་སྐྱོར་འགག་སྒྲོལ་གྱི་འཐབ་ས་གསར་པར་བརྩི་རྒྱུའི་གཏན་འབེབས་བྱས་ཡོད། གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ནང་ནས་11ནི་མི་རིགས་རང་སྐྱོང་ས་གནས་སུ་ཁྱབ་ཡོད་པ་དང་། རྫོང་680ནང་མི་རིགས་རང་སྐྱོང་ས་གནས་རྫོང་372ཡོད་པ་དེས་54.7%བཟུང་ཡོད་པ། རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་592ཁྲོད་མི་རིགས་རང་སྐྱོང་གི་ས་གནས་རྫོང་263ཡོད་པ་དེས་44.4%བཟུང་ཡོད་པ། དབུལ་སྐྱོར་གསར་སྤེལ་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་རྒྱུའི“ལོ་ལྔ་ཚན་བཅུ་གཉིས”པའི་འཆར་འགོད་ནང་གཏན་འཁེལ་བྱས་པའི་གྲོང་ཚོ་དབུལ་པོ་ཁྲི་3ཡོད་པའི་ནང་མི་རིགས་རང་སྐྱོང་ས་གནས་ཀྱི་གྲོང་ཚོ་13158ཡོད་པ་དེས་43.9%བཟུང་ཡོད་པ་བཅས་རེད།
         རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དཔལ་འབྱོར་སིའི་འགན་འཁུར་བས་རྒྱལ་ཁབ་མི་རིགས་ཨུ་ལྷན་གྱི་མི་རིགས་ས་ཁུལ་གྱི་དབུལ་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་འབྲེལ། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་དབུལ་སྐྱོར་གསར་སྤེལ་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། མི་འབོར་ཉུང་ཙམ་གྱི་གྲངས་ཉུང་མི་རིགས་འཕེལ་རྒྱས་འགྲོ་རྒྱུར་རོགས་སྐྱོར་དང་། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད། ཝུའུ་ལིན་ཧྲན་ཁུལ་གྱི་ཚོད་ལྟའི་འབྲེལ་གཏུག་ཚན་པའི་འགན་འཁྲི་སྒྲུབ་པ། གནས་གཏན་འཁེལ་གྱི་དབུལ་སྐྱོར། རིག་ནུས་ལ་བརྟེན་ནས་མཐའ་མཚམས་ལ་རོགས་རམ་བཅས་ཀྱི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱས་ཏེ་མི་རིགས་ས་ཁུལ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།