འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱས་ནས་ཕན་
    འབྲས་མངོན་གསལ་དོད་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་31ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ཀྱི་གྲོང་གསེབ་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་ཁག་གཉིས་པོ་དངོས་སུ་སྦྲེལ་མཐུད་བྱས་ནས་ལོ་གཅིག་ལྷག་ཙམ་སོང་རིང་གྲོང་མིའི་ཡོང་འབབ་སླར་ཡང་བགོ་འགྲེམས་རྒྱག་པ་དང་། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། འཛད་སྤྱོད་སྐུལ་ཁྲིད་བྱེད་པ་བཅས་ཐད་ནུས་པ་རགས་ཙམ་ཐོན་འགོ་ཚུགས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
         བོད་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་འཕེལ་རྒྱས་ཆུ་ཚད་ཐད“མཐོ་གསུམ”གྱི་ཁྱད་ཆོས་ལྡན་པ་སྟེ། གཅིག་ནི་གཅིག་འདོམས་རིམ་པ་མཐོ་བ། བོད་ཀྱིས་རྒྱལ་ཡོངས་ནང་ནས་ཐོག་མར་རྒན་གསོ་འགན་བཅོལ་ས་ཁུལ་(གྲོང་ཁྱེར)རིམ་པའི་གཅིག་འདོམས་དོ་དམ་བྱས་ཏེ་2011ལོར་རང་སྐྱོང་ལྗོངས་རིམ་པའི་གཅིག་འདོམས་བྱས་ཡོད། གཉིས་ནི་འགན་ཞུགས་བྱེད་ཚད་མཐོ་བ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་འགན་བཅོལ་ལ་ཞུགས་ཚད་92.8%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་འགན་བཅོལ་ལ་ཞུགས་ཚད་ལས་མཐོ་བ་ཡོད། གསུམ་ནི་གཞི་རྩའི་རྒན་གསོའི་མ་དངུལ་གྱི་ཆུ་ཚད་མཐོ་བ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཐོག་མའི་ཐོབ་ཐང་ནི་མི་རེར་ཟླ་རེར་སྒོར་55ཡིན་པ་དང་། 2014ལོར་མི་རེར་ཟླ་རེར་སྒོར་120བར་མཐོ་རུ་བཏང་ནས། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་ཐོབ་ཐང་དང་མཉམ་མཚུངས་བྱུང་ཡོད། 2015ལོར་མི་རེར་ཟླ་རེར་སྒོར་140བར་ལེགས་སྒྲིག་བྱས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད།
          གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱས་ནས་ལོ་གཅིག་ལྷག་ཙམ་སོང་རིང་། གྲོང་མིའི་ཡོང་འབབ་སླར་ཡང་བགོ་འགྲེམས་རྒྱག་པ་དང་། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། འཛད་སྤྱོད་སྐུལ་ཁྲིད་བྱེད་པ་བཅས་ལ་ནུས་པ་རགས་ཙམ་ཐོན་འགོ་ཚུགས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་2014ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་7.98%དང25.17%སོ་སོར་བཟུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།