འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཆར་ལྡན་ བུ་བཙའི་གནད་དོན་ལ་དོ་ཁུར་བྱ་ རྒྱུའི་འབོད་
    སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་14ཉིན། 11:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན་གྱི“འཛམ་གླིང་གི་མི་འབོར་ཉིན་མོར”མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་ཐེབས་རྩའི་ལག་བསྟར་ཀྲུའུ་རེན་ཅ་ནའེ་མུའུ་ཡིས། འཆར་ལྡན་བུ་བཙའ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡིན་པ་ཙམ་མ་ཟད། དེས་བུད་མེད་ལ་ལྡན་པའི་ཁེ་དབང་དང་། དབུལ་ཕོངས་ཉུང་གཏོང་། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་སོགས་ཀྱི་ཕྱོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་བརྗོད།
         ཅ་ནའེ་མུའུ་ཡིས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུད་མེད་དུང་ཕྱུར་2.14ལ་སྔར་བཞིན་འཆར་ལྡན་བུ་བཙའི་བྱེད་ཐབས་བདེ་འཇགས་ལྡན་པ་དང་ནུས་ལྡན་ཞིག་དཀོན་པ་དང་། དེའི་རྒྱུ་རྐྱེན་ནི་ཆ་འཕྲིན་ནམ་ཡང་ན་ཞབས་ཞུ་དཀོན་པ་དང་དེ་བཞིན་བཟའ་ཟླའམ་ཡང་ན་སྡེ་ཁུལ་གྱི་རྒྱབ་སྐྱོར་དཀོན་པ་བཅས་ཡིན་ཞེས་བཤད།
         ཅ་ནའེ་མུའུ་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་ཐེབས་རྩའི་སྟོབས་ཤུགས་ཁོ་ནས་བུད་མེད་ཀྱི་འཆར་ལྡན་བུ་བཙའི་ཁེ་དབང་ལ་རྒྱབ་སྐྱོར་བྱེད་དཀའ་བར་བརྟེན། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། སྒེར་གཉེར་སྡེ་ཚན། དམངས་ཁྲོད་བཅས་ཀྱིས་མཉམ་འབྲེལ་ངང་བསྒྲུབ་དགོས་ཞེས་བཤད།
        1987ལོའི་ཟླ་7ཚེས་11ཉིན་འཛམ་གླིང་གི་མི་འབོར་དུང་ཕྱུར་50ལ་སླེབས་ཡོད། མི་འབོར་གྱི་གནད་དོན་ལ་སྤྱི་ཚོགས་ཡོངས་ཀྱིས་མཐོང་ཆེན་བྱ་རྒྱུར་རེ་འབོད་དང་མི་འབོར་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་བྱ་ཐབས་ལ་བསམ་གཞིག་བྱ་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྒྲིག་གཞིས་ཟླ་7ཚེས་11ཉིན་དེ“འཛམ་གླིང་གི་མི་འབོར་ཉིན་མོར”གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།