འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཟློས་གར་ཕྱིར་བསྐྱོད་ནས་རྒྱལ་སྤྱིའི་སྐད་ཆའི་ཁོར་ཡུག་ཁྲོད་རིག་གནས་ཀྱི་ཐུན་
    མིན་ཁྱད་ཆོས་མངོན་པར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་14ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཟློས་གར་དངོས་འབྲེལ་ཕྱིར་སྐྱོད་དགོས་ན། དང་ཐོག་ཐུན་མོང་གི་རྒྱལ་སྤྱིའི་སྐད་ཆའི་ཁོར་ཡུག་ཅིག་དགོས་པ་དང་། དེ་ནས་རང་ངོས་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་མངོན་པར་བྱེད་དགོས། ཐུན་མིན་ཁྱད་ཆོས་དེ་གོ་ལ་ཧྲིལ་པོའི་མིག་རྒྱང་གི་མཐོ་ཚད་ཐོག་འཛུགས་ཐུབ་པ་བྱེད་དགོས་ཞེས་པེ་ཅིང་གི་ན་གཞོན་ཟློས་གར་དུས་ཆེན་གྱི་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་དང་ཟློས་གར་གྱི་འཁྲབ་ཁྲིད་པ་མོང་ཅིང་ཧུའེ་ཡིས་ཉིན་ཤས་གོང་ཧྥ་རན་སེའི་ཨ་ཝེ་ཉི་ཝུང་ཟློས་གར་དུས་ཆེན་ཐོག་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
         ཨ་ཝེ་ཉི་ཝུང་ཟློས་གར་དུས་ཆེན་ནི་ཧྥ་རན་སེའི་ཟློས་གར་འཁྲབ་ཁྲིད་པ་རེང·ཝེ་ལར་གྱིས་1947ལོར་གསར་དུ་གཏོད་པ་ཞིག་ཡིན་པ་དང་། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཟློས་གར་སྒྱུ་རྩལ་དུས་ཆེན་གྱི་གྲས་ཤིག་རེད། ཀྲུང་གོའི་ཟློས་གར་ཚོགས་པ་2011ལོར་ཨ་ཝེ་ཉི་ཝུང་ཟློས་གར་དུས་ཆེན་ནང་ཞུགས་ཚུན། རིམ་རྩིས་བྱས་ན་དེང་རབས་ཀྱི་ཟློས་གར་བརྩམས་ཆོས་20ཙམ་འཁྲབ་ཡོད། ཨ་ཝེ་ཉི་ཝུང་དུ་འཚོགས་པའི་ཨ་ཝེ་ཉི་ཝུང་ཟློས་གར་དུས་ཆེན་སྐབས་72ཐོག་མོང་ཅིང་ཧུའེ་ཟློས་གར་ལས་དོན་ཁང་གི་བརྩམས་ཆོས《འདྲེ་ཤིག》ཅེས་པ་ཚུད་པའི་ཀྲུང་གོའི་བརྩམས་ཆོས་8འཁྲབ་སྟོན་བྱས་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་ན་གཞོན་ཟློས་གར་དུས་ཆེན་དང་ཨ་ཝེ་ཉི་ཝུང་ཟློས་གར་དུས་ཆེན་གྱི“ཁ་གྱེས”ཞེས་པའི་ཚན་ཁག་དེ་2011ལོ་ཚུན་ཕྱོགས་གཉིས་དབར་མཉམ་ལས་ཀྱི་ལམ་སྲོལ་བཙུགས་ནས་ཕྱོགས་གཉིས་ཀྱི་བརྩམས་ཆོས་ཕ་རོལ་པོའི་ཟློས་གར་དུས་ཆེན་ནང་འཁྲབ་སྟོན་བྱེད་ཀྱི་ཡོད། མོང་ཅིང་ཧུའེ་ཡིས་ཨ་ཝེ་ཉི་ཝུང་གི་གར་སྟེགས་ཐོག་ཀྲུང་གོའི་ན་གཞོན་འཁྲབ་སྟོན་པ་ཚོས་འཁྲབ་སྟོན་བྱས་ནས་ཕྱི་རྒྱལ་གྱི་ལྟད་མོ་བ་ཚོར་རྒྱལ་སྤྱིའི་སྤེལ་རེས་ཀྱི་ནང་དོན་ལྡན་པའི་བརྩམས་ཆོས་འཁྲབ་སྟོན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
         མོང་ཅིང་ཧུའེ་ཡིས་མིག་སྔར་ཀྲུང་གོའི་ཟློས་གར་གྱི་བརྩམས་ཆོས་ལ“ནང་ངོས་ཀྱི་ཉམས་འགྱུར་དང་། དངངས་སྐྲག་དང་རྩོད་སྒྲུབ་ཀྱི་འགལ་ཟླ་བཅས་དང་དེ་བཞིན་དེང་རབས་ན་གཞོན་རྩོམ་པ་པོའི་གསོན་ཉམས་ལྡན་པའི་ཁྱད་ཆོས་མངོན་པ་མ་ཟད། རང་ངོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་ཆབས་ཅིག་དང་ལེན་གྱི་རྣམ་པའང་ལྡན་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།
        ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་སྲིད་གཞུང་གི་འདེགས་སྐྱོར་བྱ་ཤུགས་ཆེ་རུ་ཕྱིན་པ། དམངས་ཁྲོད་ཀྱི་སྟོབས་ཤུགས་འཕེལ་བ་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་ཀྲུང་གོའི་ཟློས་གར་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད། མོང་ཅིང་ཧུའེ་ཡིས་མིག་སྔར་ཀྲུང་གོའི་ཟློས་གར་འཕེལ་རྒྱས་ལ་དུས་སྐབས་བཟང་པོ་འཕྲད་ཡོད་མོད། འོན་ཀྱང་ངེས་པར་དུ་དོགས་ཟོན་བྱེད་དགོས་པའི་དུས་སྐབས་ཤིག་ཀྱང་ཡིན་པས་ཟློས་གར་རྩོམ་པ་པོས་ཚོང་ལས་སྤྱི་ཚོགས་ཀྱི་བསླུ་བྲིད་འགོག་ནས་དོན་དངོས་དང་མཐུན་པའི་བརྩམས་ཆོས་རྩོམ་རྒྱུའི་རེ་བ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།