འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་བོད་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས།(ལྔ་པ།)ཞེས་པ་དཔར་
    བསྐྲུན་བྱས། 

          ——ཡིག་ཚང་མ་ཧཱ་རུས་སྦལ་དུ་འཁོད་པའི་བོད་ཀྱི་སྐོར།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱ་བོད་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས།(ལྔ་པ།)ཞེས་པ་དཔར་
བསྐྲུན་བྱས།
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་6པར། ཀྲུང་གོ་བོད་རིག་པ་དཔེ་བསྐྲུན་ཁང་གིས་བོད་ཀྱི་ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ལགས་ཀྱི་ཡིག་སྒྱུར་དང་འགྲེལ་བཤད་བྱས་པའི་《རྒྱ་བོད་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས་》——ཡིག་ཚང་མ་ཧཱ་རུས་སྦལ་དུ་འཁོད་པའི་བོད་ཀྱི་སྐོར། སྟོད་ཆ་དང་སྨད་ཆ་དཔར་བསྐྲུན་བྱས་ཡོད་པ་རེད། 
         དཔེ་དེབ་འདི་དཔེ་བསྐྲུན་བྱས་རྗེས་རྒྱ་ཆེའི་ཀློག་པ་པོ་དང་ཆེད་ལས་མི་སྣའི་གདེང་འཇོག་ཡག་པོ་ཐོབ་པ་མ་ཟད། ད་དུང་བོད་ཀྱི་མཐོ་སློབ་ཀྱི་དགེ་རྒན་དང་སློབ་མ། དགོན་པའི་དགེ་འདུན་པ་དང་། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད། དེབ་འདི་དཔེ་བསྐྲུན་བྱས་པ་དེས་བོད་ཀྱི་ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་ཆ་ཁ་སྣོན་དང་། བོད་ཀྱི་ལོ་རྒྱུས་རིག་གནས་མཛོད་ཕུན་སུམ་ཚོགས་སུ་བཏང་བ། རྒྱ་བོད་རིག་གནས་ཕན་ཚུན་སྤེལ་རེས་སོགས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
         འཇམ་དབྱངས་དར་རྒྱས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐུན་ཏེ་རྫོང་གི་མི་ཡིན་ཞིང་། སློབ་གནས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན་ཞིང་། བོད་ཀྱི་གནའ་བོའི་རྩོམ་རིག་ཆེད་ལས་པ་ཡིན་པ། ད་ལྟར་ཀྲུང་གོ་བོད་རིག་པ་དཔེ་བསྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་བཞིན་ཡོད་ཅིང་། རིག་གཞུང་དཔྱད་རྩོམ་15སྤེལ་མྱོང་ཞིང་། ཡིག་སྒྱུར་བྱས་པའི་དེབ་12སྤེལ་ཡོད་པ་དང་། 《ཀྲུང་གོའི་བོད་རིག་པ་》དང་《ཀྲུང་གོའི་བོད་ལྗོངས་》《མི་རིགས་རྩོམ་རིག་》སོགས་ཀྱི་དུས་དེབ་ཐོག་ཡིག་སྒྱུར་བརྩམས་ཆོས་200ལྷག་སྤེལ་ཡོད་པ་རེད།
    ༄༅།།རྒྱ་བོད་ཡིག་ཚང་དུ་འཁོད་པའི་བོད་དང་འབྲེལ་བའི་ལོ་རྒྱུས།(ལྔ་པ།)ཞེས་པ་དཔར་
བསྐྲུན་བྱས།
      

    ཕྱོགས་བསྡུས་གསར་འགྱུར།