འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བཟོ་འཕྲིན་པུས་གློག་འཕྲིན་ཁེ་ལས་ཀྱིས་སྤྱོད་མཁན་ལ་ཟླ་རེ་བཞིན་རྩིས་ཐོའི་ཆ་འཕྲིན་སྐུར་
    དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་14ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན་བཟོ་འཕྲིན་པུས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བའི་ལག་ཐོགས་ཁ་པར་གྱི་གྲོན་དངུལ་གང་བྱུང་དུ་འཐེན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་བཟོ་འཕྲིན་པུས་རྨང་གཞིའི་གློག་འཕྲིན་ཁེ་ལས་ལ་ཟླ་རྗེས་མ་ནས་བཟུང་འཕྲིན་ཐུང་སྐུར་བའི་རྣམ་པར་བརྟེན་ནས། ཟླ་རེ་བཞིན་སྤྱོད་མཁན་ལ་རང་འགུལ་ངང་འཕྲིན་གཏོང་རྩིས་ཐོའི་ཆ་འཕྲིན་བསྐུར་ནས་སྤྱོད་མཁན་གྱིས་ཁ་པར་གྲོན་དངུལ་གང་དུ་ཕྱིན་མིན་ཁ་གསལ་ཤེས་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སུན་པོ་བཟོ་བའི་ཁ་པར་གྱི་གནད་དོན་ལ་དམིགས་ནས་བཟོ་འཕྲིན་པུས་འབྲེལ་ཡོད་སྡེ་ཚན་བཅུ་ལྷག་ཙམ་དང་མཉམ་འབྲེལ་ཐོག་ཆེད་མངགས་ཇུས་གཞི་བཟོས་ཏེ། ཉེ་དུས་སུན་པོ་བཟོ་བའི་ཁ་པར་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ནས་གཙོ་གནད་འཕྲིན་གཏོང་ལས་སྒོ་དང་ཐོན་ཁུངས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སུན་པོ་བཟོ་བའི་ཁ་པར་གང་བྱུང་དུ་རྒྱག་པའི་ཐབས་ལམ་ཚོད་འཛིན་ནན་པོ་དང་འཕྲིན་གཏོང་གི་ཐོན་ཁུངས་སྤྱད་དེ་མང་ཚོགས་སུན་པོ་བཟོ་བ་བཀག་འགོག་བྱེད་པ་དང་། འབྱུང་རྩ་ནས་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་ལས་རིགས་ཁག་གི་ཚོང་པས་ལས་སྒོ་འགྲེམ་འཚོང་བྱེད་པའི་བྱེད་སྤྱོད་ཚད་ལྡན་བཟོས་ནས་ཚོང་གཉེར་གྱིས་མང་ཚོགས་སུན་པོ་བཟོ་བའི་ཟང་ཟིང་རྣམ་པ་བཅོས་སྒྲིག་བྱེད་པ། ལག་རྩལ་གྱི་དོགས་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་སུན་པོ་བཟོ་བའི་ཁ་པར་གྱི་ཉེན་ཟོན་ཉེན་བརྡ་དང་། ལྟ་ཞིབ་ཚད་ལེན། དབྱེ་བ་འབྱེད་པ། འགོག་པ་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།