འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་ཕན་བྱེད་སྒོ་ཆེ་གྲས"བོད་བྱང་ཐང་དུ་བསྐྱོད་པ"ཞེས་པའི་དུས་ཚིགས་གཉིས་པ་འགོ་
    ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་11ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྤྱི་ཕན་བྱེད་སྒོ་ཆེ་གྲས'བོད་བྱང་ཐང་དུ་བསྐྱོད་པ'ཞེས་པའི་དུས་ཚིགས་གཉིས་པ་འགོ་
ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན། ལྷག་བསམ་དག་པའི་ཁྱིམ་གྱི་བྱམས་སེམས་ཚོགས་པ་དང་། བོད་ལྗོངས་སྤྱི་ཕན་ཚོགས་པས་གཙོ་གཉེར་བྱས་པ་དང་། སྤྱི་ཕན་བྱེད་སྒོ་ཆེ་གྲས"བོད་བྱང་ཐང་དུ་བསྐྱོད་པ"ཞེས་པའི་དུས་ཚིགས་པའི་བྱེད་སྒོའི་འགོ་འཛུགས་མཛད་སྒོ་ལྷ་སར་སྤེལ་བ་རེད། ས་གནས་ས་ཐོག་ཏུ་ཅ་ལག་སྤྲོད་པ་མ་ཟད་ད་དུང་ཐེངས་འདིའི་བྱེད་སྒོ་སྤེལ་ཡུལ་ནི་ཉི་མ་རྫོང་སློབ་ཆུང་དང་སྐྱེ་བ་ཤང་སློབ་ཆུང་གཉིས་ཡིན་པ་ཁྱབ་བསྒྲགས་བྱས། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་ཅ་ལག་སྤྲོད་པ་བརྒྱུད། གཅིག་གཏད་གཅིག་གི་རོགས་སྐྱོར་དང་། སློབ་གསོར་རྒྱབ་སྐྱོར་སོགས་ཀྱི་བྱེད་སྒོ་ལས་སློབ་མའི་འཚོ་བ་དང་སློབ་སྦྱོང་གི་སྤུས་ཚད་ལེགས་བཅོས་བྱས་ནས། བྱིས་པར་ཕུན་སུམ་ཚོགས་པའི་བྱིས་དུས་ཤིག་བསྐྲུན་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཕན་བྱེད་སྒོ་ཆེ་གྲས"བོད་བྱང་ཐང་དུ་བསྐྱོད་པ"ཞེས་པའི་དུས་ཚིགས་གཉིས་པའི་བྱེད་སྒོ་སི་འགོ་ཚུགས་མཛད་སྒོར་བོད་ལྗོངས་སྤྱི་ཕན་ཚོགས་པ་དང་། སྤྱན་སྦིར་སྐུ་མགྲོན།  བྱམས་སེམས་ཅན་གྱི་མི་སྣ། བྱམས་སེམས་ཅན་གྱི་ཁེ་ལས་སོགས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་གདན་འདྲེན་ཞུས་ཡོད་པ་དང་། ཡུལ་དངོས་ནས་ཁྱོན་སྒོར་11400དང་། བོད་ཡིག་གི་ལྕགས་སྨྱུག་དང་འབྲི་དེབ། གྱོན་གོས་སོགས་150སྤྲོད་ཡོད་པ་རེད།
    ༄༅།།སྤྱི་ཕན་བྱེད་སྒོ་ཆེ་གྲས'བོད་བྱང་ཐང་དུ་བསྐྱོད་པ'ཞེས་པའི་དུས་ཚིགས་གཉིས་པ་འགོ་
ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།