འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་ནང་གི་རྩ་ཆེན་གསེར་ཉ་ཕྱིར་རྒྱུ་བའི་དུས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་པོའི་ནང་གི་རྩ་ཆེན་གསེར་ཉ་ཕྱིར་རྒྱུ་བའི་དུས།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་10ཉིན། མཚོ་སྔོན་པའི་ནང་གི་གསེར་ཉ་ནི་མཚོ་བོད་མཐོ་སྒང་དུ་འཚོ་གནས་བྱེད་པའི་ཉ་རིགས་ཤིག་ཡིན་ཞིང་། མཚོ་སྔོན་པོའི་ནང་གི་དམིགས་བསལ་གྱི་སྲོག་ཆགས་ཤིག་ཀྱང་ཡིན་ལ། མཚོ་སྔོན་པོའི"ཆུ--བྱ--ཉ"ཡི་སྐྱེ་ཁམས་སྦྲེལ་ཐག་གི་ལྟེ་བའི་སྲོག་ཆགས་ཤིག་ཡིན་པ་རེད། 2004ལོའི་མཚོ་སྔོན་པོའི་གསེར་ཉ་《ཀྲུང་གོའི་སྲོགས་ཆགས་ཀྱི་མིང་ཐོའི་དེབ་དམར་》ནང་སྟོངས་ལ་ཉེ་བའི་མིང་ཐོ་རུ་བཀོད་ཡོད་པ་དང་། ལོ་རེའི་ཟླ་5པ་ནས་ཟླ་8པའི་ཟླ་དཀྱིལ་དུ། མཚོ་སྔོན་པོའི་ནང་སྐྱེ་འཚར་བྱུང་བའི་གསེར་ཉ་ནི་མཚོ་སྔོན་པོའི་བཞུར་རྒྱུན་ལས་ལྡོག་ཏེ་ཚྭ་ཉུང་བའི་ཆུ་ཁོངས་སུ་ཡོང་གི་ཡོད་པ་རེད། དེའི་རྗེས་སུ་སླར་མཚོ་སྔོན་པོའི་ནང་དུ་ལོག་གི་ཡོད།  མཚོ་སྔོན་པོའི་ཉེ་འཁོར་ས་ཁུལ་དུ་ཚྭ་མེ་ཆུ་ཕྲན་བཅུ་ལྷག་མཚོ་སྔོན་པོ་དང་སྦྲེལ་ཡོད་པ་རེད།
    ༄༅།།མཚོ་སྔོན་པོའི་ནང་གི་རྩ་ཆེན་གསེར་ཉ་ཕྱིར་རྒྱུ་བའི་དུས།
      

    ཕྱོགས་བསྡུས་གསར་འགྱུར།