འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་སྦྱོང་ཡུག་རེན་དུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་14ཉིན། 11:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཡུག་རེན་གྱི་མཚོ་དམག་གསར་འགྱུར་ཅུས་ཀྱིས“མཚོ་ཐོག་བསིལ་རླུང—2018”ཞེས་པའི་རྒྱལ་ཁབ་མང་པོའི་མཉམ་སྦྲེལ་དམག་སྦྱོང་དེ་ཉིན་ཡུག་རེན་ལྷོ་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་ཨའོ་ཏེ་ས་རུ་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         ཡུག་རེན་མཚོ་དམག་གསར་འགྱུར་ཅུས་ཀྱིས་ད་ཐེངས་ཀྱི་དམག་དོན་ནང་སྦྱོང་གི་དུས་ཡུན་གཟའ་འཁོར་གཉིས་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་མང་པོའི་མཚོ་དམག་གི་ཆུ་ཐོག་དང་། མཁའ་དབྱིངས། ས་ངོས་བཅས་ཀྱི་སྟོབས་ཤུགས་མཉམ་འདྲེས་བྱ་སྤྱོད་ཀྱི་ནུས་པ་ཆེ་རུ་བཏང་ནས་ས་ཁུལ་དེ་རང་གི་མངོན་མེད་ཀྱི་ཉམས་ཉེན་གནས་བབ་ལ་ཁ་གཏད་གཅོག་ཆེད་རེད། དམག་དོན་ནང་སྦྱོང་མཚོ་ནག་གི་ནུབ་བྱང་རྒྱུད་ཀྱི་མཚོ་ཁོངས་དང་། དེ་བཞིན་ཡུག་རེན་ལྷོ་རྒྱུད་ཀྱི་གྲུ་ཁ། དམག་སྤྱོད་འབེན་ར་བཅས་སུ་གཙོ་གནད་ཐོག་བྱ་རྒྱུ་ཡིན་པ་དང་། མཚོ་ཐོག་གི་མཉམ་འབྲེལ་མཁའ་ཟོན་དང་མཚོ་དམག་གི་སྐམ་འཐབ་དམག་གིས་སྐམ་སར་དམག་འཐབ་བྱེད་པ་སོགས་ཚུད་ཡོད་པ་རེད།
         རྒྱལ་ཁབ་19ནས་ཡོང་བའི་དཔོན་དམག་2000ལྷག་ཙམ་དང་དམག་གྲུ་30ཙམ་ད་ཐེངས་ཀྱི་དམག་དོན་ནང་སྦྱོང་ནང་ཞུགས་རྒྱུ་མ་ཟད། དམག་དོན་ནང་སྦྱོང་དེ་ཡུག་རེན་དང་ཨ་རིས་གཙོ་ཁྲིད་བྱ་རྒྱུ་རེད།
         ལོ་གཅིག་དུས་གཅིག་གི“མཚོ་ཐོག་བསིལ་རླུང”ཞེས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་སྦྱོང་1997ལོར་འགོ་ཚུགས་པ་དང་། དེ་ནི་བྱང་ཆིངས་ཀྱི“ཞི་བདེའི་རོགས་ཟླའི་འབྲེལ་བའི་འཆར་གཞིའི”སྒྲོམ་གཞིའི་འོག་སྤེལ་བ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།