འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་ཧེ་ལུང་ཅང་གི་བརྙན་འཕྲིན་གཟའ་འཁོར་ཨུ་རུ་སུར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་14ཉིན། 11:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་བདུན་ཡིན་པའི་2018ལོའི་ཀྲུང་གོའི་ཧེ་ལུང་ཅང་གི་བརྙན་འཕྲིན་གཟའ་འཁོར་ཚེས་10ཉིན་ཨུ་རུ་སུའི་གྲོང་ཁྱེར་ཡེ་གཱ་ཅི་ལིན་པའོ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། དེའི་རིང་ཡེ་གཱ་ཅི་ལིན་པའོ་དང་། མོ་སི་ཁོ། ཧྲེན་པི་ཏི་པའོ་བཅས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་མང་པོ་ཞིག་གིས་ཉིན་ཤས་བསྟུད་མར་འཁྲབ་ཚན་ཁག་22སྟོན་རྒྱུ་དང་། རིམ་རྩིས་བརྒྱབ་ན་དུས་ཚོད་སྐར་མ་507ཟིན་པའི་བརྙན་འཕྲིན་པར་གཞི་བསྟན་ནས“ངོ་མཚར་ཆེ་བའི་ཧེ་ལུང་ཅང་། ཡིད་དབང་འཕྲོག་པའི་ཀྲུང་གོ”ཞེས་པ་མི་རྣམས་ཀྱི་མིག་ལམ་དུ་མངོན་པར་བྱ་རྒྱུ་རེད།
         བརྙན་འཕྲིན་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་འཚོགས་རྗེས་ཧེ་ལུང་ཅང་རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན་སྨྱན་སྦྱོར་ཚོགས་པས་ད་དུང་ཨུ་རུ་སུའི་འཕྲིན་ལམ་བརྒྱད་པ་དང་《ཀྲུང་ལུགས་གསོ་རིག་གི་ལེ་ཚན་སྟོན་པའི་གྲོས་མཐུན་》བཞག་པ་རེད།
         2018ལོའི་ཧེ་ལུང་ཅང་བརྙན་འཕྲིན་གཟའ་འཁོར་དེ་ཨུ་རུ་སུ་དང་ཨར་མེ་ཉི་ཡ་ས་ཚིགས་གཉིས་སུ་དབྱེ་བ་དང་། ཨར་མེ་ཉི་ཡའི་ས་ཚིགས་ཀྱི་བྱེད་སྒོ་དེ་ཚེས་11ནས་15ཉིན་བར་ཨར་མེ་ཉི་ཡའི་རྒྱལ་ས་ཨེ་རེ་ཝན་དུ་སྤེལ་རྒྱུ་ཡིན་པ་རེད།
         2011ལོ་ནས་2017ལོ་བར། ཧེ་ལུང་ཅང་བརྙན་འཕྲིན་གཟའ་འཁོར་དེ་ཨུ་རུ་སུའི་མོ་སི་ཁོ་དང་། ཧྲེན་པི་ཏི་པའོ། ཡེ་གཱ་ཅི་ལིན་པའོ། ཡུག་རེན་གྱི་ཁེ་ཝི། བྷེ་ཨུ་རུ་སུའི་མེན་སི་ཁེ། ཨེ་སོ་ནི་ཡའི་ཐ་ལིན། ཨ་ཟེར་བྷེ་ཇན་གྱི་བྷ་ཁུ་སོགས་གྲོང་ཁྱེར་མང་པོ་ཞིག་ཏུ་གཉེར་བར་ལས་རིགས་ཁག་གི་དགའ་བསུ་དང་ཁས་ལེན་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།