འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལ་སྲིད་གཞུང་གིས་ལག་རྟགས་བསེ་རུ་རྭ་གཅིག་མ་གཉིས་ཀྲུང་གོར་དངོས་སུ་རྩིས་
    སྤྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་14ཉིན། 11:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན་ནེ་པ་ལ་སྲིད་གཞུང་གིས་རྒྱལ་ས་ཀ་ཏ་མན་རྡུར་མཛད་སྒོ་གཟབ་རྒྱས་ཞིག་འཚོགས་ནས་རྒྱལ་ཁབ་རིམ་པའི་རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཨེ་ཤེ་ཡའི་བསེ་རུ་རྭ་གཅིག་མ་གཉིས་ཀྲུང་གོར་རྩིས་སྤྲད་པ་རེད།
        ལོ་གཉིས་གོང་ནེ་པ་ལ་སྲིད་གཞུང་གིས་ཨེ་ཤེ་ཡའི་བསེ་རུ་རྭ་གཅིག་མ་ཀྲུང་གོར་སྟེར་རྒྱུའི་ཐག་བཅད་པ་རེད། ད་རེས་རྩིས་སྤྲད་པའི་བསེ་རུ་ཕོ་གཅིག་དང་མོ་གཅིག་མ་དེ་ཁག་དང་པོའི་ཁོངས་སུ་གཏོགས་པ་དང་མཛད་སྒོ་མཇུག་འགྲིལ་རྗེས་གཙང་གླས་གནམ་གྲུས་ཀྲུང་གོའི་ཀོང་ཀྲོའུ་ཁྲང་ལུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཞིང་ཁམས་སུ་དབོར་རྒྱུ་རེད།
         ནེ་པ་ལའི་ཙུང་ལི་ཨའོ་ལིས་ནེ་པ་ལའི་ས་རྒྱ་ཆེན་པོ་མེད་རུང་རང་བྱུང་ཐོན་ཁུངས་འབེལ་ལ་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་ཡོད། ད་རེས་སྟེར་བའི་བསེ་རུ་ནི་ནེ་ཀྲུང་མཛའ་གྲོགས་ཀྱི་ཕོ་ཉ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།