འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་གི་ལོ་རྒྱུས་སྙན་ངག་རིང་ཤོས་《གླིང་གེ་སར་རྒྱལ་པོའི་སྒྲུང་》པར་གཞི་
    ཆ་ཚང་ཤོས་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་14ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། ཡིག་འབྲུ་བསྡོམས་ཁྲི་8000ལྷག་ཙམ་ཟིན་པ་དང་བམ་པོ་300ལ་ཕྱོགས་སྒྲིག་བྱས་པའི་བོད་རིགས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་ངག་《གླིང་གེ་སར་རྒྱལ་པོའི་སྒྲུང་》ཁྲེང་ཏུའུ་རུ་འགྲེམས་སྟོན་བྱས་པ་དང་། འཛམ་གླིང་ཐོག་གི་ལོ་རྒྱུས་སྙན་ངག་རིང་ཤོས་དེའི་པར་གཞི་ཆ་ཚང་ཤོས་དེ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འགྲེམས་སྟོན་བྱས་པའི་《གླིང་གེ་སར་རྒྱལ་པོའི་སྒྲུང་》ཆ་ཚང་དེ་ལོ་བཅུའི་དུས་ཚོད་སྤྱད་དེ་བསྡུ་རུབ་དང་། ལེགས་སྒྲིག རྩོམ་སྒྲིག་བཅས་བྱས་པ་ཞིག་རེད།
         “དམངས་ཁྲོད་དུ་དར་ཁྱབ་བྱུང་བའི་གླིང་གེ་སར་རྒྱལ་པོའི་སྒྲུང་རྩོམ་སྒྲིག་བྱས་ནས་དཔེ་དེབ་ཏུ་གྲུབ་པ་དེ་ནི་བོད་མི་རིགས་ཀྱི་རྩ་ཆེའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱས་པ་ཞིག་ཡིན”ཞེས་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་ཡོན་ཀྲང་འགྱུར་མེད་ཆོས་དབྱིངས་ཀྱིས་གསར་འགོད་པར་བརྗོད་ཀྱི་འདུག
         《གླིང་གེ་སར་རྒྱལ་པོའི་སྒྲུང་》ནི་བོད་རིགས་ཀྱི་ངག་རྒྱུན་རྩོམ་རིག་ཅིག་ཡིན་པ་དང་། ད་ཆའི་བར་བོད་ལྗོངས་དང་། སི་ཁྲོན། ནང་སོག མཚོ་སྔོན་སོགས་ས་ཆར་དར་ཁྱབ་བྱུང་ཡོད་པ་རེད།
         “རྩོམ་སྒྲིག་ཚད་གཞིའི་ཐད་《གླིང་གེ་སར་རྒྱལ་པོའི་སྒྲུང་》ལ་ཚིག་རྐང་བསྡོམས་འབོར་ཁྲི་100ལྷག་ཙམ་ཟིན་པས་རྒྱ་གར་གྱི་《མ་ཧ་བྷ་ར་ཏ་》དང་གནའ་བོའི་ཀེ་རི་སེའི་《ཧོ་མའི་ལོ་རྒྱུས་སྙན་ངག་》ལས་རིང་བ་ཡོད་པ་དང་། དེ་ནི་འཛམ་གླིང་ཐོག་ལོ་རྒྱུས་སྙན་ངག་རིང་ཤོས་ཤིག་རེད”ཅེས་འགྱུར་མེད་ཆོས་དབྱིངས་ཀྱིས་བརྗོད་ཀྱི་འདུག
          ཤེས་རྟོགས་བྱུང་གསལ། “རིག་གནས་དཀར་མཛེས། ངོ་མཚར་ལྷན་འཛོམས”ཞེས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཐོག་འགྲེམས་སྟོན་བྱས་པའི་《གླིང་གེ་སར་རྒྱལ་པོའི་སྒྲུང་》ཆ་ཚང་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།