འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གི་སྨན་ཁང་ཆེ་ཁག་གི་རིགས་གཅིག་མཁས་པས་ཀན་སུའུ་ཀན་ལྷོ་བོད་རིགས་ས་
    ཁུལ་གྱི་དགོན་སྡེར་ཕྱིན་ནས་སྨན་བཅོས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།པེ་ཅིང་གི་སྨན་ཁང་ཆེ་ཁག་གི་རིགས་གཅིག་མཁས་པས་ཀན་སུའུ་ཀན་ལྷོ་བོད་རིགས་ས་
ཁུལ་གྱི་དགོན་སྡེར་ཕྱིན་ནས་སྨན་བཅོས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་11ཉིན། 2018ལོའི"སེམས་པ་གཅིག་མཐུན། མཉམ་དུ་ཀྲུང་གོའི་སེམས་བསྐྲུན"ཞེས་པའི་སྤྱི་ཕན་གྱི་སྨན་བཅོས་བྱེད་སྒོ་ཆེ་གྲས་ཀན་ལྷོ་བོད་རིགས་ས་ཁུལ་དུ་སྤེལ་བ་རེད། ཉིན་དེར། པེ་ཅིང་གི་ཞེ་ཧོ་སྨན་ཁང་དང་ཆིང་ཧྭ་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་སོགས་གྲགས་ཅན་སྨན་ཁང་གི་སྐད་གྲགས་ཡོད་པའི་སྨན་པ།  གཙོས་གྲོང་ཁྱེར་ཀླུ་ཤོད་ཤང་ཁྱུང་བོ་ཐང་གྲོང་ཚོའི་དགོན་སྡེར་བསྐྱོད་དེ། དགེ་འདུན་པ་130ལ་སྨན་བཅོས་བྱས་པ་དང་། སྨན་སྤྲད་ཡོད་པ་རེད།
         ཐེངས་འདིའི་བྱེད་སྒོར་པེ་ཅིང་དང་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་སྨན་ཁང་ཉིས་བརྒྱ་ལྷག་གི་སྨན་པ་800ལྷག་ཞུགས་ནས་གྲོང་གསེབ་ཏུ་བསྐྱོད་ཡོད་པ་དང་། ཀན་ལྷོ་ཁུལ་གྱི་རྫོང་བདུན་དང་གྲོང་ཁྱེར་གཅིག་ལ་དུས་མཉམ་དུ་སྨན་བཅོས་བྱས་པ་མ་ཟད། ད་དུང་ཁྱོན་ཡོངས་ནས་རག་བཤེར་བྱས་ཏེ་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པར་སྨན་བཅོས་བྱས་པ་དང་། དུས་མཉམ་དུ་མཆིན་པའི་ནད་དང་ཐུམ་འབུའི་ནད་ཡོད་མཁན་ལ་སྨན་བཅོས་བྱས་པ་རེད།
    ༄༅།།པེ་ཅིང་གི་སྨན་ཁང་ཆེ་ཁག་གི་རིགས་གཅིག་མཁས་པས་ཀན་སུའུ་ཀན་ལྷོ་བོད་རིགས་ས་
ཁུལ་གྱི་དགོན་སྡེར་ཕྱིན་ནས་སྨན་བཅོས་བྱས་པ།
    ༄༅།།པེ་ཅིང་གི་སྨན་ཁང་ཆེ་ཁག་གི་རིགས་གཅིག་མཁས་པས་ཀན་སུའུ་ཀན་ལྷོ་བོད་རིགས་ས་
ཁུལ་གྱི་དགོན་སྡེར་ཕྱིན་ནས་སྨན་བཅོས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།