འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དངུལ་ལོར་མཉམ་འགྲེམས་ལས་གནའ་བོའི་དངུལ་ལོར་རིག་གནས་སླར་
    ཡང་མངོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ཀྱི་དངུལ་ལོར་མཉམ་འགྲེམས་ལས་གནའ་བོའི་དངུལ་ལོར་རིག་གནས་སླར་
ཡང་མངོན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་5ཉིན། "རྒྱུན་འཛིན། རྒྱུད་སྤེལ།" དངུལ་ལོར་རིག་གནས་ཡུལ་སྐོར་ཞེས་པའི་ལྷ་སའི་ས་ཚིགས་ཏེ་བོད་ལྗོངས་ཀྱི་སྐབས་དང་པོའི་དངུལ་ལོར་རིག་གནས་འགྲེམས་སྟོན་ལྷ་སར་སྤེལ་བ་རེད།
       ཐེངས་འདིའི་འགྲེམས་སྟོན་ལ་བོད་ལྗོངས་ཀྱི་སྔ་དུས་ཀྱི་བོད་ཀྱི་དངུལ་ལོར་དང་། བོད་ཀྱི་སྒོར་མོ། དཔྱད་ཁུངས་ཡིག་ཚགས་སོགས་ཀྱི་དངོས་པོ། དེ་བཞིན་དུ་མི་དམངས་ཤོག་སྒོར་ཆ་ཚང་ལྔ། རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་འགྲེམས་སྤེལ་བྱས་པའི་དངུལ་དང་། རྩ་ཆེའི་ལྕགས་རིགས་ལས་བཟོས་པའི་དྲན་རྟེན་དངུལ(ཐམ་ག)  མི་དམངས་ཤོག་སྒོར་རིས་འགོད་མ་ཟིན། མི་དམངས་ཤོག་སྒོར་གྱི་པར་ཤིང་སོགས་འགྲེམས་སྟོན་དངོས་པོ་400ལྷག་ཡོད་པ་རེད།
         དེའི་ཁྲོད་བོད་ལྗོངས་ཀྱི་བོད་དངུལ་དང་འབྲེལ་བ་ཡོད་པའི་འགྲེམས་རྫས་ལ་དོ་སྣང་ཆེན་པོ་བྱུང་ཡོད་པ་སྟེ།  ལོ་རྒྱུས་ཀྱི་ཐལ་རྡུལ་གྱིས་མནན་པའི་ཤོག་སྒོར་དཔར་རྒྱག་ལུགས་ཆས། བོད་དངུལ་བཟོ་གྲྭའི་ཐམ་ག་ཆ་ཚང་སླར་མངོན་པ་དང་། དུས་རབས་མི་འདྲ་བའི་དངུལ་ཊམ་ལས་སྐབས་དེ་དུས་ཀྱི་ལོ་རྒྱུས་རིག་གནས་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།