འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་ལྔ་ཡིས་མཉམ་འབྲེལ་ཐོག་《སྤྱི་དམངས་ཀྱི་སྣོད་བཅུད་ཁོར་ཡུག་བྱ་སྤྱོད་ཚད་
    གཞི(ཚོད་ལྟའི་ལག་བསྟར)》ཡོངས་བསྒྲགས་བྱས་པ།

    སྔོན་ལ་ལྗང་མདོག་ཐོན་རྫས་འདེམས་རྒྱུ་དར་སྤེལ་གཏོང་བ་ལས་གསར་སྒྱུར་རབས་བརྗེ་མགྱོགས་པའི་གློག་རྡུལ་ཐོན་རྫས་ཉོ་སྒྲུབ་མི་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་5ཉིན་ནི་གསར་དུ་བཟོ་བཅོས་བརྒྱབ་པའི་《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་》ནང་གཏན་འཁེལ་བྱས་པའི་ཁོར་ཡུག་ཉིན་མོ་ཐེངས་བཞི་པ་དེ་ཡིན་པ་རེད། ཚེས་5ཉིན་གྱི་སྔ་དྲོར་སྤེལ་བའི་2018ལོའི་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོར་སྣོད་བཅུད་ཁོར་ཡུག་པུའུ་དང་། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་། སློབ་གསོ་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་ལྔ་ཡིས་མཉམ་འབྲེལ་ཐོག་《སྤྱི་དམངས་ཀྱི་སྣོད་བཅུད་ཁོར་ཡུག་བྱ་སྤྱོད་ཚད་གཞི(ཚོད་ལྟའི་ལག་བསྟར)》ཡོངས་བསྒྲགས་བྱས་ནས། སྟབས་བདེ་ལ་ཚད་རན་པ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་སྟེ་སྤྱི་དམངས་ཀྱིས་སྣོད་བཅུད་ཁོར་ཡུག་གི་འགན་འཁྲི་ལག་བསྟར་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ་ལག་གདང་སྦྲེལ་ནས་གནམ་སྔོན་པོ་དང་ས་གཞི་སྔོ་ལྗང་། ཆུ་དྭངས་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་བསྐྲུན་དགོས་ཞེས་བསྟན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《ཚད་གཞི་》རྩོམ་སྒྲིག་དང་ཡོངས་བསྒྲགས་བྱེད་པའི་དམིགས་ཡུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་ལྟ་བ་ཟབ་ཏུ་གཏོང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ། སྤྱི་དམངས་ཀྱི་སྣོད་བཅུད་ཁོར་ཡུག་གི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་ལག་བསྟར་མཁན་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་མཁན་དུ་འགྱུར་རྒྱུར་སྣེ་ཁྲིད་བྱ་རྒྱུ་དེ་ཡིན་པ་རེད།
         《ཚད་གཞིའི་》ནང་སྣོད་བཅུད་ཁོར་ཡུག་ལ་དོ་ཁུར་དང་། ནུས་རྒྱུ་དང་ཐོན་ཁུངས་གྲོན་ཆུང་། ལྗང་མདོག་འཛད་སྤྱོད། ཐཱན་ཉུང་ཕྱིར་སྐྱོད་བཅས་བྱེད་པ་དང་། གད་སྙིགས་དབྱེ་འབྱེད་བེད་སྤྱོད། སྦགས་བཙོག་ཐོན་ཉུང་དུ་གཏོང་བ། རང་བྱུང་སྣོད་བཅུད་སྲུང་སྐྱོང་བྱེད་པ། ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་ནང་ཞུགས་པ། ལྟ་སྐུལ་ཐེར་འདོན་ནང་ཞུགས་པ། མཛེས་སྡུག་ལྡན་པའི་ཀྲུང་གོ་མཉམ་དུ་སྐྲུན་པ་སོགས་ཕྱོགས་བཅུ་ཚུད་ཡོད་པ་རེད།
         《ཚད་གཞི་》གཞིར་བཟུང་། སྣོད་བཅུད་ཁོར་ཡུག་ལ་དོ་ཁུར་བྱེད་པ་དང་། ཁོར་ཡུག་གི་སྤུས་ཚད་དང་། རང་བྱུང་སྣོད་བཅུད་དང་ནུས་རྒྱུའི་ཐོན་ཁུངས་ཀྱི་གནས་ཚུལ་ལ་དོ་ཁུར་བྱེད་པ། སྲིད་གཞུང་དང་ཁེ་ལས་ཀྱིས་ཡོངས་བསྒྲགས་བྱས་པའི་སྣོད་བཅུད་ཁོར་ཡུག་གི་ཆ་འཕྲིན་ཤེས་རྟོགས་བྱེད་པ། སྣོད་བཅུད་ཁོར་ཡུག་གི་ཚན་རིག་དང་། བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས། ཁོར་ཡུག་བདེ་ཐང་ཉེན་ཁར་དོགས་ཟོན་སོགས་ཐད་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པ། སྣོད་བཅུད་ཀྱི་རིན་ཐང་ལྟ་བ་བཟང་པོ་འཇགས་པ་བཅས་བྱས་ཏེ་རང་ངོས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་སྣོད་བཅུད་ཤེས་དཔལ་གྱི་བྱང་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
        《ཚད་གཞིའི་》ནང་མི་རྣམས་ཀྱིས་ཐཱན་ཉུང་ཕྱིར་སྐྱོད་གདམ་ག་བྱེད་སྐབས། དང་ཐོག་གོམ་བགྲོད་དང་རྐང་འཁོར་གཏོང་བའམ་ཡང་ན་སྤྱི་སྤྱོད་རླངས་འཁོར་ལ་བརྟེན་ནས་ཕྱིར་སྐྱོད་བྱེད་དགོས་པ་དང་། མཉམ་སྤྱོད་འགྲིམ་འགྲུལ་ཡོ་ཆས་མང་ཙམ་བེད་སྤྱོད་དང་འབྲེལ་ཁྱིམ་ཚང་གིས་སྔོན་ལ་ནུས་རྒྱུ་གསར་པའི་རླངས་འཁོར་རམ་ཡང་ན་ནུས་རྒྱུ་གྲོན་ཆུང་རྣམ་པའི་རླངས་འཁོར་གདམ་ག་བྱེད་དགོས། གད་སྙིགས་རིགས་དབྱེ་ནས་འཇོག་པ་དང་། གད་སྙིགས་རིགས་དབྱེ་དང་ཚུར་བསྡུ་བེད་སྤྱོད་ཀྱི་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་དགོས། མཚོན་རྟགས་ལ་གཞིགས་ནས་གནོད་ཡོད་གད་སྙིགས་ལོགས་སུ་འཇོག་པ་དང་འབྲེལ། དེ་མིན་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་ནས་འཇོག་པ་ལས་གད་སྙིགས་གང་བྱུང་དུ་སྐྱུར་བ་དང་གང་བྱུང་དུ་འཇོག་མི་རུང་ཞེས་ཁ་གསལ་བཏོན་ཡོད་པ་རེད།
         དེ་དང་ཆབས་ཅིག སྦགས་བཙོག་ཐོན་ཉུང་དུ་གཏོང་དགོས་ཏེ། གད་སྙིགས་དང་སོག་མ་མེར་མི་སྲེག་པ་དང་། རྡོ་སོལ་སིལ་མ་ཉུང་ཙམ་སྲེག་པ། ཤོག་སྦག་ཉུང་ཙམ་སྤོར་བ། ཐང་སྡེར་བསྲེགས་ཟས་འགོག་པ། སྣུམ་གྱི་དུ་བ་ཉུང་དུ་གཏོང་བ། རྫས་འགྱུར་གྱི་འཁྲུད་རྫས་ཉུང་ཙམ་སྤྱོད་པ། རྫས་ལུད་དང་ཞིང་སྨན་ཉུང་ཙམ་སྤྱོད་པ། འཛེར་སྒྲས་དམངས་ཚོགས་སུན་པོ་མི་བཟོ་བ་བཅས་བྱེད་དགོས། རང་བྱུང་སྣོད་བཅུད་ལ་སྲུང་སྐྱོང་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྣོད་བཅུད་མ་ལག་ལ་སྲུང་སྐྱོང་བྱེད་པ། འོས་འགན་ཤིང་འཛུགས་ནང་ཧུར་ཐག་ཞུགས་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་པ། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་གནས་ཁུལ་གཏོར་བཤིག་མི་གཏོང་བ། རང་བྱུང་སྲུང་སྐྱོང་ཁུལ་དུ་གང་བྱུང་དུ་མི་འཛུལ་བ། རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་རྫས་མི་ཉོ་བ་དང་མི་སྤྱོད་པ། རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་མི་ཟ་བ་བཅས་བྱེད་དགོས་ཞེས་གསལ་པོ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།