འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ཆེན་རིམ་པའི་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་སྒྲུབ་ཚུལ་ལ་དུས་དཀྱིལ་
    གྱི་ཞིབ་བཤེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་གསལ། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས〈ཞིང་ཆེན་རིམ་པའི་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲིའི་དམིགས་ཚད་ལ་དཔྱད་ཞིབ་བྱ་ཐབས〉བཀྲམ་རྒྱུའི་སྐོར་གྱི་བརྡ་ཐོའི་》བླང་བྱ་གཞིར་བཟུང་། ཉེ་དུས་རང་བྱུང་ཐོན་ཁུངས་པུས་ཞིང་ལས་གྲོང་གསེབ་པུའུ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་མཉམ་དུ་བརྡ་ཐོ་བཀྲམ་ནས་ཞིང་ཆེན་རིམ་པའི་སྲིད་གཞུང་གི“ལོ་ལྔ་ཚན་བཅུ་གསུམ་པའི”ལོ་དང་པོ་དང་གཉིས་པར(2016ལོ་དང་2017ལོ)རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲིའི་དམིགས་ཚད་བསྒྲུབས་ཚུལ་ལ་དུས་དཀྱིལ་གྱི་ཞིབ་བཤེར་བྱ་རྒྱུ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         ཞིབ་བཤེར་སྒྲིག་འཛུགས་བྱེད་ཐབས་དང་ནང་དོན་གཙོ་བོའི་ཐད། རང་བྱུང་ཐོན་ཁུངས་པུའུ་དང་། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་བསྡོམས་རྩིས་ཅུས་བཅས་ཀྱིས་དུས་དཀྱིལ་གྱི་ཞིབ་བཤེར་ལས་དོན་སྒྲིག་འཛུགས་བྱེད་དགོས་པ་གསལ་པོར་བཏོན་ཡོད། ཞིང་ཆེན་ཁག་གི་མི་དམངས་སྲིད་གཞུང་གིས་རང་བྱུང་ཐོན་ཁུངས་དང་། ཞིང་ལས་གྲོང་གསེབ། བསྡོམས་རྩིས་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་ཞིང་ཆེན་རིམ་པ་མན་གྱི་མི་དམངས་སྲིད་གཞུང་ཁྲོད་ཞིབ་བཤེར་དང་རང་བཤེར་བྱེད་པའི་ལས་དོན་སྤེལ་དགོས་པ་དང་། དེའི་ནང་གཙོ་བོ་རྨོ་ཞིང་གྲངས་འབོར་གྱི་འགྱུར་ལྡོག་ལ་ཞིབ་བཤེར་བྱེད་པའི་གནས་ཚུལ་དང་། རྨོ་ཞིང་བཟུང་གསབ་དོ་སྙོམས་དོན་འཁྱོལ་གྱི་གནས་ཚུལ། ཡུན་རིང་གཞི་རྩའི་ས་ཞིང་བཟུང་སྤྱོད་དང་ཁ་གསབ་འཆར་གཞིའི་གནས་ཚུལ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་གནས་ཚུལ། རྨོ་ཞིང་གི་སྤུས་ཚད་སྲུང་སྐྱོང་དང་མཐོར་གཏོང་གི་གནས་ཚུལ་དང་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་འཛུགས་པའི་གནས་ཚུལ་སོགས་ཚུད་ཡོད་པ་རེད།
         ཞིབ་བཤེར་གྱི་གོ་རིམ་ཐད། དུས་དཀྱིལ་ཞིབ་བཤེར་ལས་དོན་ནང“ཞིང་ཆེན་རིམ་པས་རང་བཤེར་དང་། ས་ཆ་དངོས་སུ་འཐེན་བཤེར། ཕྱོགས་བསྡུས་གདེང་འཇོག རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ། དག་ཐེར་བརྡ་ཁྱབ”བཅས་ཀྱི་གོ་རིམ་བཞིན་སྤེལ་དགོས། ཟླ་བདུན་པའི་ཟླ་མཇུག་གོང་ཞིང་ཆེན་རིམ་པའི་རང་བཤེར་ལས་དོན་སྤེལ་མཇུག་འགྲིལ་དགོས་པ་དང་། དཔྱད་ཞིབ་སྡེ་ཚན་གྱིས་ཟླ་བརྒྱད་པའི་ཟླ་མཇུག་གོང་འཐེན་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་དང་། དེའི་རྨང་གཞིའི་ཐོག་ཕྱོགས་བསྡུས་གདེང་འཇོག་ལེགས་སྒྲུབ་བྱེད་དགོས་པ་དང་འབྲེལ། དུས་དཀྱིལ་གྱི་ཞིབ་བཤེར་བྱས་འབྲས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་སེང་ཞུས་རྗེས་བརྡ་ཁྱབ་གཏོང་བ་དང་ཆབས་ཅིག་དག་ཐེར་ལས་དོན་སྒྲིག་འཛུགས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།
         བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་ཐད། ཞིབ་བཤེར་བྱས་འབྲས་ཅུང་ལེགས་པའི་ཞིང་ཆེན་ལ་ས་ཆ་བེད་སྤྱོད་ཀྱི་འཆར་གཞི་དང་འབྲེལ་ཡོད་རྣམ་གྲངས་བཀོད་སྒྲིག་བྱེད་པའི་ཐད་མ་དངུལ་ཐད་ནས་གཟིགས་སྐྱོང་བྱེད་དགོས་པ་དང་། ཞིབ་བཤེར་བྱེད་རིང་གནད་དོན་ཤེས་རྟོགས་མངོན་གསལ་དོད་པོ་ཐུབ་པའི་ཞིང་ཆེན་ལ་འབྲེལ་ཡོད་རྫོང་དང་གྲོང་ཁྱེར་གྱི་ཞིང་སྤྱོད་ས་ཆ་བརྒྱུད་སྤྱོད་དང་ས་ཆ་བསྡུ་ལེན་བྱེད་པའི་ཐད་ཞིབ་མཆན་འགོད་རྒྱུ་གནས་སྐབས་མཚམས་འཇོག་བྱས་ནས་དག་ཐེར་གནད་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།