འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧེ་ལུང་ཅང་གི་ཏ་ཤིང་ཨན་ལིང་གི་ས་ཁོངས་སྒྲོལ་བའི་ནགས་ཚལ་ལ་མེ་ཤོར་ཚད་སྤྱི་ལེ་
    10ཟིན་པ།

    མི་གྲངས་3600ལྷག་ཙམ་མེ་གསོད་པའི་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཧེ་ལུང་ཅང་ཏ་ཤིང་ཨན་ལིང་ཧུའུ་ཀྲུང་ནགས་ཚལ་མེ་ཟོན་གྱི་འཐབ་ས་མདུན་མའི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ་6ཚེས་4ཉིན་གྱི་ཆུ་ཚོད་15བར་གནམ་གྲུས་བརྟག་ཞིབ་བྱས་པ་བརྒྱུད། ནང་སོག་ཏ་ཤིང་ཨན་ལིང་ཧན་མཱ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་ཁོངས་སྒྲོལ་བའི་ནགས་ཚལ་ལ་མེ་ཤོར་ཚད་སྤྱི་ལེ་10ཟིན་པ་དང་མེ་སྐྱོན་ཤོར་ཁྱོན་སྤྱི་ལེ་2.87ཟིན་པ་དང་། མེ་སྐྱོན་ད་དུང་ཚོད་འཛིན་ནུས་ལྡན་ཐུབ་མེད། ཧེ་ལུང་ཅང་ཞིང་ཆེན་གྱིས་དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་སྡེ་དང་ཆེད་ལས་མེ་གསོད་རུ་ཁག་སོགས་མི་གྲངས་3600ལྷག་ཙམ་བཏང་བ་དང་ས་འཕུལ་འཕྲུལ་འཁོར་དང་ལྡུག་འཁོར་སོགས་འཕྲུལ་ཆས་ཆེ་གྲས་མེ་གསོད་པར་སྤྱད་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ནགས་ཚལ་གྱི་མེ་སྐྱོན་ཚེས་3ཉིན་གྱི་ཕྱི་དྲོ་ཤར་རྒྱུད་ནས་རིམ་བཞིན་ཧེ་ལུང་ཅང་བར་མཆེད་ཡོད། ཧེ་ལུང་ཅང་ཏ་ཤིང་ཨན་ལིང་ས་ཁུལ་གྱིས་འཕྲལ་དུ་མེ་གསོད་འཕྲལ་སྡོམ་གྱི་སྔོན་བཀོད་ཇུས་གཞི་བཟོས་ཏེ་ནགས་ཚལ་མེ་སྐྱོན་སྔོན་འགོག་གི་འཐབ་ས་མདུན་མའི་བཀོད་འདོམས་པུའུ་བཙུགས་ཡོད། མེ་སྐྱོན་གནས་ཚུལ་ལ་གཞིགས་ནས་སྲུང་སྐྱོང་ཁུལ་ཉེ་འགྲམ་གྱི་རྒྱང་ལྟ་བྱེད་མཁན་ཕྱིར་འཐེན་བྱེད་དུ་བཅུག་པ་མ་ཟད། དུས་ཐོག་ཏུ་གནམ་གྲུ་འབབ་ཡུལ་དང་། ཆུ་རྫིང་། རླངས་འཁོར་གྱི་ལམ་ཐིག་བཅས་བཟོས་ནས་འབྲེལ་ཐག་གཅོད་མཚམས་འབྱེད་པ་སོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།