འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྲུལ་སྐུ་ཟི་ན་བློ་བཟང་བསྟན་པའི་རྒྱལ་མཚན་སྐུ་གཤེགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་06ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གྲགས་ཅན་གྱི་རྒྱལ་གཅེས་ཆོས་ལུགས་མི་སྣ་དང་ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་བཟང་པོ། སྐབས་བཅུ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ། སྐུ་འབུམ་བྱམས་པ་གླིང་གི་སྤྲུལ་སྐུ་ཟི་ན་སྐུ་ཕྲེང་27པ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་2018ལོའི་ཟླ་5ཚེས་31ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྐུ་གཤེགས་པ་དང་། དགུང་ལོ་81ལ་ཕེབས་ཡོད་པ་རེད།
          ཟི་ན་བློ་བཟང་བསྟན་པའི་རྒྱལ་མཚན་སྙུན་རིང་དང་སྐུ་གཤེགས་རྗེས་ཀྲུང་དབྱང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་འཚམས་འདྲི་དང་མྱ་ངན་ཞུས་ཡོད།
          ཟི་ན་བློ་བཟང་བསྟན་པའི་རྒྱལ་མཚན་ནི་མཚོ་སྔོན་ཞིང་ཆེན་ཁྲི་ཀར་1938ལོའི་ཟླ་དང་པོར་སྐུ་འཁྲུངས་པ་དང་། 1944ལོར་སྐུ་འབུམ་བྱམས་པ་གླིང་གི་ཟི་ན་སྐུ་ཕྲེང་27པའི་སྤྲུལ་སྐུར་ངོས་འཛིན་བྱུང་། 1961ལོ་ནས་1978ལོའི་བར་མཚོ་སྔོན་ཞིང་ཆེན་ཙོང་ཁ་རྫོང་མ་ཁྲང་ཤང་ཧེ་མ་རོང་གྲོང་ཚོར་ངལ་རྩོལ་གནང་ནས་ཞུགས་པ་དང་། 1979ལོར་སྐུ་འབུམ་བྱམས་པ་གླིང་དུ་ཕྱིར་ལོག་ཕེབས། 1993ལོའི་རྗེས་སུ་མཚོ་སྔོན་ཙོང་ཁ་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་སྐབས་རིམ་གྱི་ཀྲུའུ་རེན་གཞོན་པ། སྐུ་འབུམ་བྱམས་པ་གླིང་དགོན་དམངས་བདག་ཨུ་ལྷན་གྱི་ཀྲུའུ་རེན། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཚོགས་གཙོ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་གནང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།