འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་ཧོ་ཧའོ་ཐེ་ནས་གནད་དོན་ཡོད་པའི་གསོ་སྦྱོང་སྒྲིག་གཞི་275ཤེས་རྟོགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་07ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཉེ་ཆར་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཆི་དང་། རྫོང་། ཆུས་བཅས་9དང་གསར་སྤེལ་ཁུལ་1གི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་ཆེད་དོན་བཅོས་སྒྲིག་བྱས་ཏེ་ཁྱོན་བསྡོམས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་616ལ་གྲལ་བཤེར་བྱས་པའི་ནང་གནད་དོན་ཡོད་པའི་གསོ་སྦྱོང་སྒྲིག་གཞི་275ཤེས་རྟོགས་ཐུབ་ཅིང་། གོམ་སྟབས་རྗེས་མར་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་རེད།
         གྲོང་ཁྱེར་སློབ་གསོ་ཅུས་སུ་བཅའ་སྡོད་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་གྱི་སྒྲིག་བཤེར་ཚོགས་ཆུང་གི་ལས་དོན་མི་སྣས་ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་དེ་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་བཟོ་ཚོང་དང་། མི་སྤྱི། དམངས་སྲིད་བཅས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་མཉམ་དུ་སྤེལ་བ་ཞིག་རེད། གཅིག་ནས་ཁོངས་གཏོགས་ཁུལ་ནང་གི་ལག་ཁྱེར་མེད་པའི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་ཚང་མར་ལེབ་བཤེར་བྱས་ཏེ་གྲལ་བཤེར་གནས་ཚུལ་ཐོ་བཀོད་ནས་ཡིག་ཚགས་བཟོས་ཡོད་པ་རེད། གཉིས་ནས་ཁོངས་གཏོགས་ཁུལ་གྱི་སློབ་གཉེར་ཆོག་འཐུས་ལག་ཁྱེར་ཡོད་པའི་གསོ་སྦྱོང་སྒྲིག་གཞིར་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ་སློབ་གྲྭ་ཁག་གི་སྒྲིག་འགལ་སློབ་གཉེར་གྱི་གནད་དོན་ལ་ཐོ་བཀོད་བྱས་ཡོད། གསུམ་ནས་ཆི་དང་། རྫོང་། ཆུས་བཅས་ཁག་གི་སློབ་གསོ་ཅུས་ཁོངས་གཏོགས་ཀྱི་སློབ་གྲྭ་འབྲིང་ཆུང་དང་ཐད་གཏོགས་སློབ་གྲྭར“སློབ་ཕྱིའི་ཟུར་ཁྲིད་མི་བྱེད་པའི་སློབ་གསོ”དང“སློབ་ཚན་སྐབས་འཆད་ཁྲིད་མི་བྱེད་པར་སློབ་ཕྱིར་འཆད་ཁྲིད་ཟུར་ཁྲིད་བྱེད་པའི”གནས་ཚུལ་ལ་མཐིལ་རྟོགས་གྲལ་བཤེར་རགས་ཙམ་བྱས་ཡོད། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་གྲལ་བཤེར་མཐིལ་རྟོགས་དང་། གཅིག་སྡུད་བཅོས་སྒྲིག ལྟ་སྐུལ་ཞིབ་བཤེར་སོགས་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་ནས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་ཚད་ལྡན་ངང་སློབ་གཉེར་བྱ་རྒྱུར་ལྟ་སྐུལ་བྱས་པ་མ་ཟད། ད་དུང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་ཕྱིའི་ཁུར་པོ་ལྕི་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་མགྱོགས་པོའང་བཏང་ཡོད། སློབ་གསོ་ཅུས་སུ་བཅའ་སྡོད་གྲོང་ཁྱེར་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་སྒྲིག་བཤེར་ཚོགས་ཆུང་གིས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ལྟ་སྐུལ་བྱས་ཏེ་ལས་དོན་ལ་སྐུལ་འདེད་མི་གཏོང་བའི་ཚན་པ་དང་མི་སྒེར་གྱི་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།