འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་དམག་གི་ཚན་རྩལ་མི་སྣས་ས་མཐོའི་ཁོར་ཡུག་ཏུ་རྒྱལ་སྲུང་འདུ་འགོད་ཀྱི་རྩད་ཞིབ་ལག་
    རྩལ་ཐད་ཚད་བརྒལ་གསར་པ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2ཉིན། དམག་དོན་ཚན་རིག་ཁང་རྒྱལ་སྲུང་འདུ་འགོད་ཞིབ་འཇུག་ཁང་གི་ཚན་རྩལ་མི་སྣས་ས་བབ་སྨི་4500ཡན་ཟིན་པའི་ས་མཐོའི་ཁོར་ཡུག་ཏུ་མི་མེད་གནམ་གྲུར་ཁབ་ལེན་ཤུགས་ཀྱི་ཡོ་བྱད་དང་། སྐུལ་འོད་རེག་བརྡ། གསེག་ལ་ཡོ་བའི་པར་ཆས་སོགས་བསྒར་བའི་སྒྲིག་ཆས་ལ་བརྟེན་ནས་གཏན་འཁེལ་ས་ཁོངས་སུ་འཕུར་སྐྱོད་ཚད་ལེན་བྱས་པས་རྒྱལ་སྲུང་འདུ་འགོད་རྩད་ཞིབ་ལག་རྩལ་ཁྱབ་ཁོངས་སུ་ཚད་བརྒལ་གསར་པ་བྱུང་བ་རེད།
         ཞིབ་འཇུག་ཁང་དེས་ཁག་2ཀྱི་ཚན་ཞིབ་མི་སྣ་ཁྱོན་18སྔ་ཕྱིར་འདེམས་མངགས་བྱས་ཏེ་ལམ་ཐག་སྤྱི་ལེ་སྟོང་ཕྲག་ཟིན་པའི་གངས་ལྗོངས་ས་མཐོར་བསྐྱོད་ནས་ཐང་སྟོང་རྩད་ཞིབ་ཚད་ལེན་གྱི་ལས་སྒྲུབ་བྱས་པ་མ་ཟད། འདུ་འགོད་འཛུགས་སྐྲུན་རྣམ་གྲངས་ཀྱི་ཡུལ་དངོས་རྩད་ཞིབ་དང་ལག་རྩལ་སྦྲེལ་མཐུད་ལས་དོན་ཡང་བསྒྲུབས་ཤིང་། ཁོ་ཚོས་དཀྱུས་ཞེང་དཔངས་གསུམ་གྱི་བར་མཐོངས་ཆ་འཕྲིན་མ་ལག་གི་གཞོགས་འདེགས་བྱེད་ཐབས་ཐོག་མར་སྤྱད་པ་དང་། GISལས་སྟེགས་ཐད་ས་གཤིས་དང་ས་ཡོམ་གྱི་གྲུབ་ཚུལ་དང་ཁྱབ་སྟངས་སོགས་གཞི་གྲངས་བསྡུས་པས་རྒྱལ་སྲུང་འདུ་འགོད་རྩད་ཞིབ་ཇུས་འགོད་ཀྱི་རིས་མང་འདུས་གྲུབ་དང་དཀྱུས་ཞེང་དཔངས་གསུམ་རི་མོའི་ཐོག་ལས་སྒྲུབ་ཐུབ་ཡོད།
         ལས་འགན་ཚོགས་པས་ས་མཐོའི་རི་གྲོང་དུ་གསོ་རླུང་དཀོན་པ་དང་སྒྲིག་ཆས་སྒྲིག་བཀོད་བྱ་རྒྱུར་ཚད་ཡོད་པའི་གནས་སྟངས་འོག་བློ་གྲོས་གཅིག་ཏུ་བསྡུས་ནས་མཁའ་འགྲུལ་ཚད་ལེན་གྱི་ཡང་དག་ཚད་དམན་པ་དང་། མི་མེད་གནམ་གྲུའི་རྒྱུན་མཐུད་འཕུར་བའི་ནུས་པ་ཞན་པ། འཕུར་ཤུལ་འཆར་འགོད་རྙོག་དྲ་ཆེ་བ་སོགས་འདུ་འགོད་རྩད་ཞིབ་ཀྱི་དཀའ་གནད་བསལ་ནས་མི་མེད་གནམ་གྲུ་ཐེངས་བཅུ་ལྷག་ཙམ་བདེ་བླག་ངང་འཕུར་བ་དང་འཕུར་ཚད་མཐོ་ཤོས་མཚོ་ངོས་ལས་སྨི་4900ཟིན་ཏེ་གཡུལ་སར་མཁོ་གལ་ཆེ་ཤོས་ཀྱི་འདུ་འགོད་འཛུགས་སྐྲུན་གྱི་གཞི་གྲངས་ཁག་གཅིག་རག་ཡོད། ཁོ་ཚོས་ས་བབ་སྨི་5300ཟིན་པའི་ས་མཐོའི་རི་ཁུལ་དུ་ས་བབ་ལ་རྩད་ཞིབ་ཐིག་ལེན་བྱས་པ་དང་འཐབ་ས་དང་པོའི་དཔུང་སྡེའི་འདུ་འགོད་འཛུགས་སྐྲུན་གྱི་གཞི་གྲངས་དཔྱད་ཡིག་ལ་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱས་ནས་ས་མཐོའི་རྒྱལ་སྲུང་འདུ་འགོད་ཀྱི་ཕྱོགས་བསྡུས་འགོག་སྲུང་ནུས་པ་དང་སྤྱིའི་དམག་འཐབ་ནུས་པ་ཆེ་རུ་འགྲོ་ཆེད་འདེགས་སྐྱོར་གལ་ཆེན་བྱས་ཡོད་པ་རེད།
         མིག་སྔར་ཁོ་ཚོས་འགན་ཁུར་བའི་མཐའ་མཚམས་ཀྱི་གྲབས་གསོག་སྒྲིག་བཀོད་རྣམ་པའི་འཐབ་ར་མཉམ་སྒྲུབ་སོགས་ཉེར་སྤྱོད་རྣམ་གྲངས་10ལྷག་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་དང་། དམིགས་ས་གལ་ཆེན་གྱི་གནད་འཁེལ་ཚོད་འཛིན་གོ་མཚོན་གྱི་འགོག་རྐྱེན་འགོག་པའི་འགོག་སྲུང་ལག་རྩལ་ཞིབ་འཇུག་དང་འཕྲུལ་སྒུལ་རྣམ་པའི་ཐང་འཐབ་འཐབ་ར་མཉམ་སྒྲུབ་སོགས་ཚན་ཞིབ་རྣམ་གྲངས་20ལྷག་བདེ་བླག་ངང་བསྒྲུབས་པ། རྒྱལ་ཁབ་ཀྱི་དམག་སྤྱོད་ཚད་གཞི་གལ་ཆེན་ཞིབ་བཟོ་དང་རྒྱལ་ཁབ་དང་དམག་དཔུང་རོགས་སྐྲུན་འདུ་འགོད་སོགས་ལས་འགན་ཆེན་པོ་10ལྷག་སྔོན་དུ་སྒྲུབ་པར་སྐུལ་མ་བཏང་བ། འགན་འཁུར་བའི་ཚན་ཞིབ་ཇུས་འགོད་ཀྱི་ལས་འགན་266ལ་དུས་མཚམས་རང་བཞིན་གལ་ཆེན་གྱི་གྲུབ་འབྲས་ཐོབ་ནས་དམག་དོན་ཚན་ཞིབ་ལས་ཀར་སྐུལ་སྤེལ་བརྟན་པོ་གཏོང་བའི་རྣམ་པ་ཡག་པོ་མངོན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།