འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ཀྱི་ཕ་སྐད་གློག་བརྙན་《འབྲི་མོ་དུང་ཆུང་དཀར་མོ་》པེ་ཅིང་ན་གཞོན་གློག་
    བརྙན་འགྲེམས་སྟོན་སྐབས་བཞི་པའི་གྲུབ་འབྲས་འགྲེམས་ཚོགས་སུ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རིགས་ཀྱི་ཕ་སྐད་གློག་བརྙན་《འབྲི་མོ་དུང་ཆུང་དཀར་མོ་》པེ་ཅིང་ན་གཞོན་གློག་
བརྙན་འགྲེམས་སྟོན་སྐབས་བཞི་པའི་གྲུབ་འབྲས་འགྲེམས་ཚོགས་སུ་ཞུགས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་30ཉིན་གྱི་དགོང་མོར། པེ་ཅིང་ན་གཞོན་གློག་བརྙན་འགྲེམས་སྟོན་སྐབས་4པའི་གྲུབ་འབྲས་འགྲེམས་ཚོགས་པེ་ཅིང་གྲོང་ཁྱེར་དུ་སྤེལ་ཞིང་། བོད་རིགས་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏི་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་ཕ་སྐད་གློག་བརྙན་《འབྲི་མོ་དུང་ཆུང་དཀར་མོ་》ཐེངས་འདིའི་འགྲེམས་ཚོགས་ཀྱི་དྲ་རྒྱའི་གློག་བརྙན་ཆེ་གྲས་ཀྱི་ལེ་ཚན་དུ་བཞག་ཡོད་པ་རེད། གྲུབ་འབྲས་འགྲེམས་ཚོགས་སུ་རྒྱལ་ཡོངས་ཀྱི་ན་གཞོན་གློག་བརྙན་འཁྲབ་སྟོན་པ་མང་པོ་ཞིག་གི་གློག་བརྙན་34ཙམ་འདུས་ཡོད་ལ། དེའི་ཁྲོད་ཀྱི་《འབྲི་མོ་དུང་ཆུང་དཀར་མོ་》ནི་བོད་རིགས་ཀྱི་ཕ་སྐད་གློག་བརྙན་གཅིག་པུ་ཡིན་པ་རེད། 
           པེ་ཅིང་ན་གཞོན་གློག་བརྙན་འགྲེམས་སྟོན་སྐབས་བཞི་པའི་གྲུབ་འབྲས་འགྲེམས་ཚོགས་སུ། ཐོག་མར་འགྲེམས་ཚོགས་ནང་ཞུགས་པའི་གློག་བརྙན་ཁག་གི་འཁྲབ་ཁྲིད་འཁྲབ་སྟོན་ཚོགས་པ་ས་གདན་དམར་པོར་ཕྱིན་ཏེ་ཐོ་འགོད་གནང་བ་དང་། དེ་ནས་གྲུབ་འབྲས་འགྲེམས་ཚོགས་ཀྱི་གློག་བརྙན་ངོ་སྤྲོད་གནང་ཞོར་དུ་ཕུལ་བྱུང་གློག་བརྙན་ཁག་ལ་གཟེངས་རྟགས་སྤྲད་པ་རེད།
           བོད་རིགས་ཀྱི་ཕ་སྐད་གློག་བརྙན་《འབྲི་མོ་དུང་ཆུང་དཀར་མོ་》ནི་རང་ལོ་10རུ་སོན་པའི་བུ་མོ་སངས་རྒྱས་སྒྲོལ་མས་འབྲི་མོ་དུང་ཆུང་དཀར་མོ་འཚོལ་བའི་ལམ་བར་གྱི་གོ་རིམ་བརྒྱུད་ནས་ཚེ་སྲོག་གི་འབྱུང་ཁུངས་དང་དོན་སྙིང་ཙམ་མ་ཟད། རང་བྱུང་གི་སྐྱེས་དངོས་ཡོད་ཚད་ཞི་མཐུན་ངང་གནས་པའི་མཚན་ཉིད་རིག་པའི་བསམ་བློ་འདི་ཉིད་ལའང་བསམ་གཞིགས་བྱས་ཏེ་མི་མང་པོ་ཞིག་ལ་མི་དང་རང་བྱུང་ཁམས་བར་དུ་ཕན་ཚུན་བརྩི་འཇོག་དང་གཅེས་སྤྲས་བྱེད་དགོས་པ་ཤེས་པའི་ཞི་མཐུན་གྱི་མཛེས་པ་ཞིག་ཆགས་སུ་བཅུག་ཡོད་པ་རེད། 《འབྲི་མོ་དུང་ཆུང་དཀར་མོ་》གློག་བརྙན་ཡོངས་ཁྱབ་ཏུ་བསྟན་ཆོག་པའི་འཛིན་ཡིག་ཐོབ་རྗེས། རྒྱལ་སྤྱི་དང་རྒྱལ་ནང་གི་གློག་བརྙན་དུས་ཆེན་ལ་ཞུགས་ཐེངས་6པ་ཡིན་པ་རེད།
    ༄༅།།བོད་རིགས་ཀྱི་ཕ་སྐད་གློག་བརྙན་《འབྲི་མོ་དུང་ཆུང་དཀར་མོ་》པེ་ཅིང་ན་གཞོན་གློག་
བརྙན་འགྲེམས་སྟོན་སྐབས་བཞི་པའི་གྲུབ་འབྲས་འགྲེམས་ཚོགས་སུ་ཞུགས་པ།
    ༄༅།།བོད་རིགས་ཀྱི་ཕ་སྐད་གློག་བརྙན་《འབྲི་མོ་དུང་ཆུང་དཀར་མོ་》པེ་ཅིང་ན་གཞོན་གློག་
བརྙན་འགྲེམས་སྟོན་སྐབས་བཞི་པའི་གྲུབ་འབྲས་འགྲེམས་ཚོགས་སུ་ཞུགས་པ།
    ༄༅།།བོད་རིགས་ཀྱི་ཕ་སྐད་གློག་བརྙན་《འབྲི་མོ་དུང་ཆུང་དཀར་མོ་》པེ་ཅིང་ན་གཞོན་གློག་
བརྙན་འགྲེམས་སྟོན་སྐབས་བཞི་པའི་གྲུབ་འབྲས་འགྲེམས་ཚོགས་སུ་ཞུགས་པ།
    ༄༅།།བོད་རིགས་ཀྱི་ཕ་སྐད་གློག་བརྙན་《འབྲི་མོ་དུང་ཆུང་དཀར་མོ་》པེ་ཅིང་ན་གཞོན་གློག་
བརྙན་འགྲེམས་སྟོན་སྐབས་བཞི་པའི་གྲུབ་འབྲས་འགྲེམས་ཚོགས་སུ་ཞུགས་པ།
    ༄༅།།བོད་རིགས་ཀྱི་ཕ་སྐད་གློག་བརྙན་《འབྲི་མོ་དུང་ཆུང་དཀར་མོ་》པེ་ཅིང་ན་གཞོན་གློག་
བརྙན་འགྲེམས་སྟོན་སྐབས་བཞི་པའི་གྲུབ་འབྲས་འགྲེམས་ཚོགས་སུ་ཞུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།