འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྤུ་ཧྲེང་ཁུལ་གྱི་རྒྱན་གོས་ཉར་ཚགས་མཁན་གྱིས་རང་ཉིད་རྒྱུན་འཛིན་པ་ཡིན་ཀྱང་རྒྱན་ཆ་ནི་
    ཁྱིམ་ཚང་གི་རེད་ཟེར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སྤུ་ཧྲེང་ཁུལ་གྱི་རྒྱན་གོས་ཉར་ཚགས་མཁན་གྱིས་རང་ཉིད་རྒྱུན་འཛིན་པ་ཡིན་ཀྱང་རྒྱན་ཆ་ནི་
ཁྱིམ་ཚང་གི་རེད་ཟེར།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་24ཉིན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་གི་རྒྱན་ཆས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་། ད་ལྟ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་དུད་ཚང་7གྱིས་ཉར་ཚགས་བྱས་ཡོད་པ་རེད། ཉེ་ཆར། འཁོར་ཆགས་གྲོང་ཚོའི་གྲོང་མི་པ་སངས་བུ་ཁྲིད་ཀྱིས་གསར་འགོད་པར་ཁོང་མོས་ཉར་ཚགས་བྱས་པའི་རྒྱན་ཆ་འགྲེམས་སྟོན་བྱས་པ་དང་། པ་སངས་བུ་ཁྲིད་ཀྱིས་གསར་འགོད་པར"རྒྱན་ཆ་འདི་མི་རབས་བཅུ་ལྷག་ཙམ་རྒྱུན་འཛིན་བྱས་ཡོད་པ་རེད"ཅེས་བཤད་པ་དང་། སྤུ་ཧྲེང་གི་རྒྱན་ཆ་ནི་བུ་མོར་ཤུལ་རྒྱུན་འཛིན་སྲོལ་ཡོད་པ་ལས་བུར་མེད་ཅིང་། ལོ་ངོ་བཅུ་གྲངས་ཀྱི་གོང་ལ་ཁོང་མོ་མཉེན་སྒྲིག་བྱས་པ་དང་། ཁོང་མོའི་ཨ་མས་ཁོང་མོར་བརྒྱུད་སྤྲོད་བྱས་པ་རེད། ཡིན་ནའང་། ཁོ་མོའི་སེམས་སུ་རང་ཉིད་ནི་རྒྱུན་འཛིན་པ་ཡིན་མོད། འོན་ཀྱང་རྒྱན་ཆ་འདི་ནི་ཁྱིམ་ཚང་ཡོངས་ལ་དབང་བའི་འདོད་ཚུལ་འཛིན་བཞིན་ཡོད། 
         པ་སངས་བུ་ཁྲིད་ཀྱིས་གྱོན་པའི་སྤུ་ཧྲེང་གི་རྒྱན་གོས་ནི་མགོ་རྒྱན་དང་། སྐེ་རྒྱན། ཟླ་གམ། གསེར་གྱི་རྣ་རྒྱན་སོགས་ལས་གྲུབ་པ་དང་། དེའི་ཁྲོད་དུ་དངུལ་དང་གཡུ། བྱུ་རུ། མ་ན་ཧོ། སྤོས་ཤེལ་སོགས་རིན་པོ་ཆེའི་རིགས་ཀྱིས་ཁྲ་རྒྱན་བཏབ་ཡོད་པ་རེད།
         པ་སངས་བུ་ཁྲིད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱུ་པ་ནི་རྒྱུ་སྤུན་དང་། ཚོས་རྒྱག་པ། དེ་ནས་འཐག་པ་སོགས་ཀྱི་ལས་རིམ་བརྒྱུད་ནས་གྲུབ་པ་རེད། ཟླ་གམ་ནི་ཚ་རུ་དང་དར་སྐུད་སོ་རས་ལས་བཟོས་པ་དང་། ལྷམ་མཐིལ་ནི་ཀོ་བ་རྩིད་པས་བཙེམས་ནས་བཟོས་ཤིང་། ལྷམ་ལ་འཇའ་རིས་འདྲ་མིན་འདེབས་སྲོལ་ཡོད་པ་རེད། 
         གསར་འགོད་པས་རྒྱན་གོས་ཆ་ཚང་གི་ཡོང་ཁུངས་ལོ་རྒྱུས་འདྲི་དུས་སུ་པ་སངས་བུ་ཁྲིད་ཀྱིས་འཛུམ་མུལ་མུལ་དང་བཅས་ཏེ་དུས་ཡུན་རིང་བས། གསལ་པོ་ངེས་ཀྱི་མི་འདུག་ཅེས་ཟེར། གནའ་སྔ་མོར། དཔོན་ཆེན་མི་དྲག་གི་དུད་ཚང་ལ་སྤུ་ཧྲེང་གི་རྒྱན་ཆ་འདི་རིགས་ཡོད་པ་དང་། འདིས་ཁྱིམ་ཚང་གི་རྒྱུ་ནོར་མཚོན་གྱི་ཡོད་ལ། ཁྱིམ་ཚང་ཞིག་གི་དབང་ཐང་དང་འབྱོར་བའི་རྟགས་མཚོན་ཞིག་ཀྱང་ཡིན་པ་རེད། 
    【1】  【2】  【3】
    ༄༅།།སྤུ་ཧྲེང་ཁུལ་གྱི་རྒྱན་གོས་ཉར་ཚགས་མཁན་གྱིས་རང་ཉིད་རྒྱུན་འཛིན་པ་ཡིན་ཀྱང་རྒྱན་ཆ་ནི་
ཁྱིམ་ཚང་གི་རེད་ཟེར།
      

    ཕྱོགས་བསྡུས་གསར་འགྱུར།