འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།"པེ་ཅིང་དང་བོད་ལྗོངས་ལག་གདང་སྦྲེལ། སྙེ་མོའི་ཕུགས་འདུན་མཉམ་དུ་གཏོད"ཅེས་པའི་
    སྙེ་མོའི་རིག་གནས་འགྲེམས་སྟོན་པེ་ཅིང་དུ་སྤེལ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་28ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།'པེ་ཅིང་དང་བོད་ལྗོངས་ལག་གདང་སྦྲེལ། སྙེ་མོའི་ཕུགས་འདུན་མཉམ་དུ་གཏོད'ཅེས་པའི་
སྙེ་མོའི་རིག་གནས་འགྲེམས་སྟོན་པེ་ཅིང་དུ་སྤེལ་འགོ་ཚུགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་24ཉིན། "པེ་ཅིང་དང་བོད་ལྗོངས་ལག་གདང་སྦྲེལ། སྙེ་མོའི་ཕུགས་འདུན་མཉམ་དུ་གཏོད"ཅེས་པའི་ཧྲུན་དབྱི་དང་སྙེ་མོའི་རིག་གནས་འགྲེམས་སྟོན་པེ་ཅིང་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་འགོ་ཚུགས་པ་རེད། འགྲེམས་སྟོན་དུས་ཡུན་ཉིན་7ཡིན་པ་དང་། བོད་ལྗོངས་སྙེ་མོ་རྫོང་གི་ལོ་རྒྱུས་རིག་གནས་དང་། གངས་ལྗོངས་ཀྱི་ཡུལ་ལྗོངས། དམངས་སྲོལ་གོམས་གཤིས་སོགས་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།
          སྙེ་མོ་རྫོང་ནི་ཧྲུན་དབྱི་ཆུས་ཀྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་རྫོང་ཞིག་ཡིན་པ་དང་། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་པེ་ཅིང་དང་བོད་ལྗོངས་ས་ཆ་གཉིས་ཀྱི་སྤེལ་རེས་ལས་སྟེགས་བསྐྲུན་ནས་སྙེ་མོའི་ཁྱད་ལྡན་ཐོན་རྫས་དང་རིག་གནས་འགྲེམས་སྟོན་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ས་གནས་དབུལ་སྒྲོལ་ཡོང་རྒྱུར་སྣེ་ཁྲིད་བྱེད་རྒྱུ་དེ་ཡིན་པ་རེད།
    ༄༅།།'པེ་ཅིང་དང་བོད་ལྗོངས་ལག་གདང་སྦྲེལ། སྙེ་མོའི་ཕུགས་འདུན་མཉམ་དུ་གཏོད'ཅེས་པའི་
སྙེ་མོའི་རིག་གནས་འགྲེམས་སྟོན་པེ་ཅིང་དུ་སྤེལ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།