འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ས་བབ་མཐོ་བའི་འཇིག་རྟེན་ཁམས་ཀྱི་འཕྲོ་འོད་ལྟ་ཞིབ་ཚད་འཇལ་ས་ཚིགས་གཅིག་སྡུད་
    འཛུགས་སྐྲུན་གྱི་དུས་མཚམས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔའི་བར་རང་རྒྱལ་གྱི་གནམ་རིག་ཚན་རིག་ཆེ་མོའི་སྒྲིག་སྦྱོར་ཏེ་ས་བབ་མཐོ་བའི་འཇིག་རྟེན་ཁམས་ཀྱི་ལྟ་ཞིབ་ཚད་འཇལ་ས་ཚིགས(LHAASOསྒྲ་སྒྱུར་བྱས་ན“ལ་སུའོ”ཞེས་པ་དེ་ཡིན)ཀྱི་ས་གནས་ཀྱི་ལེ་ལག་ཚང་བའི་རྣམ་གྲངས་གློག་སྐྲུན་ལས་གྲྭར་དངོས་སུ་གློག་བཏང་ནས་རྟེན་གཞིའི་མ་ལམ་གཙོ་བོ་དང་ཕལ་པ་དང་ཆུ་ལམ་དང་པོ་དང་གཉིས་པ་ཨར་སྐྲུན་ལེགས་གྲུབ་ཟིན་པ་དང་ཚད་འཇལ་ཚོད་འཛིན་རྟེན་གཞིའི་ཚད་འཛིན་གྱི་རམ་འདེགས་ཐོག་ཁང(ཉལ་ཁང་དང་། མཛོད་ཁང་དང་དེའི་ཚོད་ལྟའི་སྒྲིག་སྦྱོར་འཁོར་ཁང་། ཟ་ཁང་དང་དེའི་སྡེ་ལས་ཁང་པ)བསྐྲུན་ཟིན་ནས་རྣམ་གྲངས་དེ་གཅིག་སྡུད་འཛུགས་སྐྲུན་གྱི་དུས་མཚམས་སུ་སླེབས་ཡོད།
         “ལ་སུའོ”རྣམ་གྲངས་དེ་ཆ་སྙོམས་ས་བབ་སྨི་4410ཟིན་པའི་སི་ཁྲོན་ཞིང་ཆེན་འདབ་པ་རྫོང་མཚོ་མང་སྒང་དུ་གནས་པ་དང་། དེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་2015ལོའི་ཟླ་12ཚེས་31ཉིན་རྣམ་གྲངས་འཛུགས་རྒྱུའི་ཆོག་མཆན་སྤྲད་ནས་མི་དམངས་ཤོག་སྒོར་དུང་ཕྱུར་12ཙམ་བཏང་བ་དང་འཛུགས་སྐྲུན་ཡུན་ཚད་ལོ་5ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།