འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡས་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་མ་ལག་བཏོན་ནས་སྔོ་ཚལ་ཟ་རྒྱུར་སྐུལ་ལྕག་
    བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་ཚན་རིག་དང་བཟོ་ལས་ཞིབ་འཇུག་རྩ་འཛུགས་ཀྱིས་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་གོ་རིམ་ཅིག་བཏོན་ནས་སྔོ་ཚལ་ཟ་རྒྱུར་མི་དགའ་བའི་མི་རྣམས་ཀྱི་གོམས་གཤིས་ངན་པར་འགྱུར་ལྡོག་གཏོང་རོགས་བྱས་པ་རེད།
         ཨོ་སི་ཁྲུ་ལི་ཡ་བས་འཚོ་བའི་ཕྱོགས་མང་པོ་ཞིག་ནས་ཁོར་ཡུག་སྲུང་སྐྱོང་དང་བདེ་ཐང་དོན་གཉེར་བྱེད་ཀྱི་ཡོད་ཀྱང་། བཟའ་འཐུང་ཐད་འགྱུར་ལྡོག་གཏོང་ཁག་པོ་ཡོད་པ་རེད། ཞིབ་འཇུག་ལས་མངོན་པར། ཨོ་སི་ཁྲུ་ལི་ཡ་བ་གསུམ་ཆ་གཉིས་ལ་ཉིན་ལྟར་ཟ་དགོས་ངེས་ཀྱི་སྔོ་ཚལ་གྱི་ཚད་གཞི་འདང་གི་མེད་པ་དང་ལྷག་དོན་དུ་དགོང་ཟས་ལ་དེ་བས་འདང་གི་མེད་པས་དེ་ནི་ཨོ་སི་ཁྲུ་ལི་ཡ་བ་ཤ་རྒྱགས་པ་ཆགས་པ་སོགས་བདེ་ཐང་གི་གནད་དོན་ཐོན་པའི་རྒྱུ་རྐྱེན་ཞིག་ཡིན་པ་རེད།
         VegEzeཞེས་པའི་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་མ་ལག་དེའི་དམིགས་ཡུལ་ནི་ཨོ་སི་ཁྲུ་ལི་ཡ་བས་ཉིན་21བསྟུད་མར“དགོང་ཟས་ལ་སྔོ་ཚལ་རིགས་གསུམ་ཟ་བའི”འགྲན་སློང་དང་ལེན་བྱས་ཏེ་སྔོ་ཚལ་མང་ཙམ་ཟ་བའི་གོམས་གཤིས་འཇགས་རྒྱུར་སྐུལ་ལྕག་གཏོང་རྒྱུ་དེ་ཡིན་པ་རེད། ཉེར་སྤྱོད་མ་ལག་ནང་ཉིན་ལྟར་ཁོང་ཚོའི་སྔོ་ཚལ་བཟས་པའི་གནས་ཚུལ་ཟིན་ཐོར་བཀོད་ཆོག་པ་མ་ཟད། དགོས་ངེས་ཀྱི་དྲན་སྐུལ་དང་བྱ་དགའ་ཡང་སྤྲོད་ཀྱི་ཡོད་པ་རེད།
         རྒྱལ་ཕྲན་མཉམ་འབྲེལ་ཚན་རིག་དང་བཟོ་ལས་རྩ་འཛུགས་ཀྱི་མཐོ་རིམ་ཞིབ་འཇུག་པ་དགེ་རྒན་ཆེ་མོ་བ་མན་ཉི·ནུའོ་ཁེ་སིས་སྒྲིག་གཞི་དེས་ཉེར་སྤྱོད་མ་ལག་གི་ངོ་མཚར་ཆེ་བའི་ཁྱད་ཆོས་ལ་བརྟེན་ནས་ཨོ་སི་ཁྲུ་ལི་ཡ་བ་ཚོར་བཟའ་འཐུང་གི་གོམས་གཤིས་ལ་འགྱུར་ལྡོག་གཏོང་རྒྱུར་སྐུལ་ལྕག་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
         ནུའོ་ཁེ་སིས་ཉིན་ལྟར་ཉེར་སྤྱོད་མ་ལག་སྤྱད་དེ་གཟའ་འཁོར་ཁ་ཤས་སོང་རྗེས་སྤྱོད་མཁན་གྱི་སྔོ་ཚལ་ཟ་མི་འདོད་པའི་བསམ་བློ་རིམ་བཞིན་མེད་པར་འགྱུར་བ་མ་ཟད་རང་ཉིད་ཀྱི་གཟུགས་པོ་ཐང་དུ་ཕྱིན་པའི་སྣང་བ་ཡོང་སྲིད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།