འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་གྲོང་ཁྱེར་གྱིས་དམངས་ཕན་ཞབས་ཞུའི་འོད་སྡེར་བཟོས་ནས་སྒྲོག་འགྲེལ་གཏིང་ཟབ་
    བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་04ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་མཚམས་གང་སར་ཁྱབ་པར་བྱས་ནས་དུད་ཚང་མི་རེ་ངོ་རེའི་གྲོང་མིར་བརྒྱུད་བསྒྲགས་བྱ་ཆེད། ཉེ་ཆར“བོད་རྒྱ་སྐད་གཉིས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གི་དམངས་ཕན་ཞབས་ཞུའི་འོད་སྡེར”འཆར་འགོད་ཞིབ་ཚགས་བྱས་ཏེ་བཟོས་པ་མ་ཟད། སྡེ་ཁུལ་གྱི་གྲོང་མིར་འོད་སྡེར་1000ལྷག་ཙམ་སྤྲད་པ་རེད།
         སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་དགོས་མཁོ་ལྟར། ཡུལ་ཤུལ་གྲོང་ཁྱེར་གྱིས་སློབ་གྲྭ་དང་། སྡེ་ཁུལ། དགོན་སྡེ། གྲོང་གསེབ་བཅས“ས་ཆ་བཞིར”བསྐྱོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོའི་བསམ་བློ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་གཅིག་གྱུར་ཡོང་བར་ཤུགས་བརྒྱབ་སྟེ་བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཡུལ་ཤུལ་དུ་རྩ་བ་ཚུགས་ནས་འབྲས་བུ་སྨིན་པར་བྱེད་པའི་དམིགས་ཚད་དང་་གཅིག་སྒྲིལ་བྱས་ཡོད། “དམངས་ཕན་ཞབས་ཞུའི་འོད་སྡེར”ནང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འགོ་ཚུགས་མཛད་སྒོ་དང་མཇུག་འགྲིལ་མཛད་སྒོ་དང་དེ་བཞིན་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ཁམས་པའི་སྐད་ལ་བསྒྱུར་ནས་སྒྲོག་འགྲེལ་བྱེད་སྐབས་མང་ཚོགས་ཀྱིས་གོ་བདེ་བ་དང་ཤེས་སླ་པོ་ཡོང་བར་བྱས་ཡོད། དེ་དང་ཆབས་ཅིག་བོད་རྒྱ་སྐད་གཉིས་ནས་རྩོམ་སྒྲིག་དཔེ་སྐྲུན་བྱས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་གོ་བདེའི་ཀློག་དེབ་ཀྱང་ཏང་ཡོན་མི་རེ་ངོ་རེའི་ལག་ཏུ་སྤྲད་པ་རེད།
         ཡུལ་ཤུལ་གྲོང་ཁྱེར་གྱི“མི་སེར་གྱི་སྒྲོག་འགྲེལ་ཚོགས་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་པའི་ད་རེས་ཀྱི“དམངས་ཕན་ཞབས་ཞུའི་འོད་སྡེར”སྤྲོད་པའི་དམིགས་ཡུལ་ནི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཡང་དག་གསལ་འགྲེལ་ཡོང་བའི་མང་ཚོགས་ཀྱི་དགོས་མཁོ་ལེགས་པར་སྐོང་ཆེད་དང་དེ་བཞིན་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་སློབ་སྦྱོང་དང་། རིགས་གཅིག་མཁས་ཅན་གྱིས་ཟུར་ཁྲིད་སློབ་སྦྱོང་། རིག་རྩལ་དྲིལ་བསྒྲགས་སློབ་སྦྱོང་། སྐད་འཕྲིན་དང་དཔོད་ཕྲན་ལ་བརྟེན་ནས་སློབ་སྦྱོང་སོགས་བབ་བསྟུན་བྱ་ཐབས་སྣ་མང་ལ་བརྟེན་ཏེ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་ཀྱི་ལས་ཀའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་འགན་ལེན་བྱ་ཆེད་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།