འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཁ་ན་ཏ་ལ་འཚམས་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་01ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཁ་ན་ཏ་ལ་འཚམས་འདྲི་བྱས་པ།
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བསྟན་འཛིན་རྣམ་རྒྱལ་གྱིས་སྣེ་ཁྲིད་བྱེད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཟླ་11ཚེས་26ཉིན་ནས་ཚེས་29ཉིན་བར་དུ་ཁ་ན་ཏའི་མོང་ཐེ་ལཱེར་དང་ཨོ་ཐེ་ཝར་འཚམས་འདྲི་བྱས་ཤིང་། ཁ་ན་ཏའི་དབྱི་ཧུའེ་གྲོས་ཚོགས་དང་། སྲིད་གཞུང་། སློབ་གྲྭ་ཆེན་མོ། སྨྱན་སྦྱོར་སོགས་སྤྱི་ཚོགས་ལས་རིགས་ཁག་དང་སྤེལ་རེས་བྱས་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་རེད།
         མོང་ཐེ་ལཱེར་དུ་འཐུས་མི་ཚོགས་པས་མོང་ཐེ་ལཱེར་གྲོང་ཁྱེར་སྲིད་ཕྱོགས་ཀྱི་མི་སྣ་གཙོ་གྲས་དང་ཐུག་འཕྲད་བྱས་པ་དང་། ཁུའེ་པེ་ཁེ་སློབ་ཆེན་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་མཁས་དབང་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཨོ་ཐའེ་ཝ་རུ་འཐུས་མི་ཚོགས་པས་ཁ་ན་ཏའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་སི་ཐན་ཏུན་དང་ཕྱི་འབྲེལ་པུའུ་ཡི་མཐོ་རིམ་དཔོན་པོ་བཅས་དང་ཐུག་འཕྲད་བྱས་ཤིང་། ཁ་ན་ཏའི་དབྱི་ཧུའེ་གྲོས་ཚོགས་ཀྱི་ཁ་ཀྲུང་དབྱི་ཧུའེ་གྲོས་ཚོགས་མཐུན་ཚོགས་ཀྱི་ཚོགས་མི་དང་གྲོས་མོལ་བྱས་པ་རེད།
         བསྟན་འཛིན་རྣམ་རྒྱལ་གྱིས་འཐུས་མི་ཚོགས་པའི་ཚོགས་མི་ཚང་མ་ནི་གངས་ལྗོངས་མཐོ་སྒང་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པ་དང་། བོད་ལྗོངས་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བར་དངོས་སུ་མྱོང་མཁན་དང་བདེན་དཔང་བྱེད་མཁན་རེད། ཐེངས་འདིའི་འཚམས་འདྲི་བྱེད་པར་ཡོང་བའི་དམིགས་ཡུལ་ནི་ཁ་ན་ཏའི་ལས་རིགས་ཁག་ལ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ལྷག་གི་རིང་དང་། ཁྱད་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ངོ་སྤྲོད་བྱས་ནས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཁ་ན་ཏའི་དབྱི་ཧུའེ་གྲོས་ཚོགས་བར་གྲོས་མོལ་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། ཡུན་རིང་མ་སོང་བའི་སྔོན་དུ་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དངོས་སུ་བཙུགས་ཏེ་བོད་ལྗོངས་མི་དམངས་འདུས་པའི་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ལ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལ་རྒྱལ་ཡོངས་དང་མཉམ་གཅིག་ཏུ་དུས་བཅད་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་གདེང་ཚོད་ཡོད་ཅེས་བསྟན་པ་རེད།
         ཁ་ན་ཏ་ཕྱོགས་ཀྱིས་སྔོན་ཆད་ང་ཚོས་སྨྱན་སྦྱོར་ཁོ་ནའི་ཐོག་ནས་བོད་ལྗོངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད། འཐུས་མི་ཚོགས་པ་ཡོང་བ་དེས་ཁ་ན་ཏའི་ལས་རིགས་ཁག་ལ་ཀྲུང་གོའི་མི་དམངས་འཐུས་མིས་ངོ་མདུན་དུ་བོད་ལྗོངས་ཀྱི་གནས་ཚུལ་དངོས་ངོ་སྤྲོད་བྱས་པ་ཉན་ཐུབ་པའི་གོ་སྐབས་བྱུང་ཡོད་པས། འདིས་ཁ་ན་ཏའི་མི་སྔར་ལས་མང་བས་ཀྲུང་གོ་རྒྱུས་ལོན་དང་བོད་ལྗོངས་རྒྱུས་ལོན་བྱེད་པར་ཕན་ཐོགས་པ་རེད། ཕྱོགས་གཉིས་ཀྱིས་སློབ་གསོ་དང་རིག་གནས། ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཇེ་ཆེར་བཏང་ནས་ཁ་ན་ཏ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ལྷག་པར་འགྲོ་བར་སྐུལ་སྤེལ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
         འཐུས་མི་ཚོགས་པས་ད་དུང་སྨྱན་སྦྱོར་གྱི་མཉམ་དུ་བཅར་འདྲི་དང་ལེན་བྱས་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གནད་སྨིན་དབུལ་སྐྱོར། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་། ཆོས་དད་རང་མོས་སོགས་སྐོར་གྱི་གནད་དོན་ལ་དྲིས་ལན་བཏབ་པ་རེད།
    【1】  【2】  【3】
    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཁ་ན་ཏ་ལ་འཚམས་འདྲི་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།